མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་དང་པོའི་ནང་ན་གོར་མོས་དམངས་འཚོའི་ཐད་མ་དངུལ་སྒོར་དུང་ཕྱུར4.2བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-21 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས་ལོ་རེར་བཅུ་ཆའི་བདུན་ཡན་གྱི་ནོར་སྲིད་མ་དངུལ་གཅིག་བསྡུས་བྱས་ཏེ་དམངས་འཚོའི་ཐད་བཏང་ཞིང་། ལས་བཟོ་བའི་རྒན་གསོའི་མ་དངུལ་ཆུ་ཚད་དང་ཤང་གྲོང་སྤྱི་ཚོགས་འགན་སྲུང་ཁྱབ་ཚད། ཤང་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད། འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་དམངས་འཚོའི་དམིགས་ཚད་དག་མཚོ་སྔོན་གྱི་སྔོན་གྲས་སུ་སླེབས་ཡོད། 2013ལོར་དམངས་འཚོའི་ཐད་མ་དངུལ་སྒོར་དུང་ཕྱུར22.8བཏང་ཞིང་། དེས་ས་གནས་སྤྱི་བའི་ནོར་སྲིད་སྔོན་རྩིས་འགྲོ་གྲོན་གྱི77.6%ཟིན་ཡོད། ད་ལོའི་དུས་ཚིགས་དང་པོའི་ཚུན་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱིས་དམངས་འཚོའི་འགྲོ་གྲོན་ཐད་མ་དངུལ་སྒོར་དུང་ཕྱུར4.2བཏང་བ་དང་། དེས་གྲོང་ཁྱེར་ཡོངས་ཀྱི་ས་གནས་སྤྱི་བའི་ནོར་སྲིད་སྔོན་རྩིས་འགྲོ་གྲོན་གྱི75.3%ཟིན་ཡོད།

དངོས་གནས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་ཆེད། ན་གོར་མོ་གྲོང་ཁྱེར་གྱིས་ནུས་ཤུགས་ཆེན་པོས་ནོར་སྲིད་སྔོན་རྩིས་སྒྲིག་གཞི་ལེགས་བཅོས་བྱས་ཏེ། “1+9+3”གྱི་སློབ་གསོའི་འགྲོ་གྲོན་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འོས་འགན་སློབ་གསོའི་དུས་རིམ་གྱི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་། ཞིན་ཡུའེ་བྱིས་གཉོར་ཁང་དང་ཆིན་ཧྭ་སྒེར་བཙུགས་སློབ་གྲྭ་གསར་འཛུགས་དང་། ཀྲུང་ཧྲན་ལམ་གྱི་སློབ་ཆུང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་གཞི27ལག་བསྟར་བྱས། དུས་མཚུངས་སུ་སློབ་ཞུགས་སྔོན་གྱི་སློབ་གསོའི་ལོ་གསུམ་གྱི་བྱ་འགུལ་འཆར་འགོད་ལ་སྐུལ་འདེད་བཏང་སྟེ། སློབ་ཞུགས་སྔོན་གྱི་ལོ་གཅིག་རིང་བྱིས་གཉོར་ཁང་དུ་འགྲིམ་ཚད80%ཡན་ལ་སླེབས་པར་འགན་སྲུང་བྱས་ཡོད། གྲོང་ཁྱེར་མི་དམངས་སྨན་ཁང་གི་མྱུར་སྐྱོབ་ལྟེ་གནས་དང་ཚྭ་ཨར་ཧན་གཏེར་ཁུལ་གྱི་སྨན་ཁང་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། བྱིས་པ་ཕན་བདེ་ཁང་དང་བགྲེས་སོང་གཉོར་སྐྱོང་ལྟེ་གནས་གསར་འཛུགས་བྱས། ཁེ་ལས་ལས་འཁྱུར་ངལ་གསོ་མི་སྣ་དང་ཤང་གྲོང་སྡོད་དམངས་ཀྱི་རྒན་གསོ་མ་དངུལ། སྨན་བཅོས་འགན་སྲུང་གྲོན་དངུལ། ཆེས་དམའ་བའི་འཚོ་བའི་འགན་སྲུང་ཁ་གསབ། ལས་རྨས་ལས་ཤོར་འགན་སྲུང་སོགས་ཀྱི་ཚད་གཞི་ཇེ་མཐོར་བཏང་བ་དང་། བགྲེས་སོང་ལུས་ཕུང་བརྟག་བཤེར་དང་བགྲེས་སོང་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག