མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་དར་ལག་རྫོང་གི་རྒྱ་བོད་སྐད་གཉིས་སློབ་ཁྲིད་ལ་དགའ་བསུ་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-21 10:52

ཟླ4བའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་མི་རིགས་སློབ་འབྲིང་གི་སློབ་མས་རྒྱའི་སྐད་ཡིག་སློབ་ཁྲིད་ལ་ཉན་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་མུ་མཐུད་དུ་རྒྱ་བོད་སྐད་གཉིས་སློབ་ཁྲིད་ཀྱི་རྣམ་པར་ལེགས་བཅོས་བྱས་ཏེ། སློབ་ཆུང་གི་ལོ་རིམ་དང་པོ་ནས་བཟུང་བོད་ཡིག་དང་རྒྱ་ཡིག་སློབ་ཁྲིད་བཙུགས་ནས་རྒྱ་བོད་སྐད་གཉིས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་བའི་དུས་མཚུངས་སུ། བོད་རིགས་ཀྱི་སློབ་ལོ་རན་པའི་བྱིས་པ་དག་སློབ་རར་ཚུད་ཚད་དང་བོད་རིགས་སློབ་མའི་སློབ་གཉེར་ལེགས་འགྲུབ་བྱེད་ཚད། སློབ་རིམ་འཕར་ཚད་བཅས་ཇེ་མཐོར་བཏང་བ་དང་། ན་གཞོན་ཡིག་རྨོངས་པ་ཇེ་ཉུང་དུ་བཏང་བས། ས་གནས་རོང་འབྲོག་མང་ཚོགས་ཀྱི་རྒྱབ་སྐྱོར་དང་དགའ་བསུ་ཐོབ།  །

ཟླ4བའི་ཚེས19ཉིན། དར་ལག་རྫོང་མི་རིགས་སློབ་འབྲིང་གི་སློབ་མས་རྒྱའི་སྐད་ཡིག་སློབ་ཁྲིད་ལ་ཉན་བཞིན་པ།

ཟླ4བའི་ཚེས19ཉིན། དར་ལག་རྫོང་མི་རིགས་སློབ་འབྲིང་གི་སློབ་མས་སྒོ་སམ་སྟེང་རྒྱ་ཡིག་འབྲི་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག