མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་དང་པོར་མཚོ་སྔོན་གྱི་གནས་སྐོར་ལས་རིགས་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་སྟེ་གནས་སྐོར་ཡོང་སྒོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་ས་ཡ་གསུམ་ལྷག་ལ་བསླེབས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-22 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་མཚོ་སྔོན་གྱི་གནས་སྐོར་ལས་རིགས་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་སྟེ། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་བསྡོམས་པས་ས་ཡ་གཅིག་དང་འབུམ་བདུན་ཁྲི་བཞི་ལྷག་ལ་སྣེ་ལེན་བྱས་པ་དང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་བརྒྱད་འཕར་ཞིང་། གནས་སྐོར་ཡོང་སྒོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་ས་ཡ་གསུམ་མངོན་འགྱུར་བྱས་པས། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་ལྔ་འཕར།

ད་ལོའི་དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱིས་རབ་མཛེས་མཚོ་སྔོན་གྱི་གནས་སྐོར་དྲིལ་སྒྲོག་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་བ་དང་། ལོ་ཧྲིལ་བོའི་གནས་སྐོར་ཇུས་གཞི་བཀོད་པར་མ་ཟད། ཁེ་ལས་རྩ་འཛུགས་བྱས་ནས་གནས་སྐོར་བརྗེ་རེས་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་མཚོ་སྔོན་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་སྟེ། རྒྱང་སྒྲོག་དང་དྲ་རྒྱ། ཚགས་པར་དང་དུས་དེབ་སོགས་ཀྱི་སྟེང་ནས་མཚོ་སྔོན་གྱི་གནས་སྐོར་ཐོན་ཁུངས་དྲིལ་བསྒྲགས་བྱས་ནས། མཚོ་སྔོན་གྱི་གནས་སྐོར་མཚན་སྙན་སྔར་ལས་ཇེ་ཆེར་བཏང་བ་དང་། གནས་སྐོར་ཡོང་སྒོ་མངོན་གསལ་སྒོས་ཇེ་མང་དུ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག