མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.28ཧྲག་བསྡུ་བྱས་ཏེ་དབུལ་སྐྱོར་བྱ་བ་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-22 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་དབུལ་སྐྱོར་བྱ་བ་དེ“དམངས་སེམས་བཟོ་འགོད”དུ་རྩིས་ནས་ཤུགས་ཆེན་པོས་སྐུལ་འདེད་བཏང་བས་རོང་འབྲོག་པ་མང་ཚོགས་ལ་དངོས་ཕན་མང་པོ་བསྐྲུན།

ད་ལོར། ཐུན་ཏེ་རྫོང་གིས་དབུལ་ཕོངས་མང་ཚོགས་ཀྱི་ཆེས་གཞི་རྩའི་གནད་དོན་ཐག་གཅོད་པ་ནས་མགོ་བཙུགས་ཏེ། རིགས་སོ་སོའི་འཆར་བཀོད་མ་དངུལ་སྒོར་དུང་ཕྱུར1.28ཧྲག་བསྡུ་བྱས་ཏེ། དབུལ་ཕོངས་སྡེ་བ26ནས་གཙོ་བོ་སྡོད་ཁང་དང་ཆུ་གློག་ལམ། རོང་འབྲོག་པའི་ཞབས་ཞུ་ལྟེ་གནས། རིག་གནས་ཐང་ཆེན་སོགས་དམངས་འཚོའི་ལས་གཞི་ལག་བསྟར་བྱས་ནས་དབུལ་ཕོངས་སྡེ་བའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས། དུས་མཚུངས་སུ་སྡོང་མྱུག་འདེབས་འཛུགས་དང་རི་བོང་གསོ་སྤེལ། ཁྱིམ་བྱ་གསོ་སྤེལ། བཞོན་མ་གསོ་སྤེལ། ཕག་གསོ་སྤེལ། ཕྱུགས་ཟོག་ཚོ་གསོ། སྔོ་ཚལ་འདེབས་འཛུགས། བོད་ལྭ་ལས་སྣོན། གཏེར་ཆུ་ཐོན་སྐྱེད་དང་ཕྱིར་ཚོང་བཅས་ས་གནས་ཁྱད་ལྡན་ཐོན་ལས9འཕེལ་རྒྱས་འཆར་འགོད་ཞིབ་འཇུག་གཏན་འཁེལ་བྱས་ཤིང་། དབུལ་ཕོངས་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་ཕྱུག་བསྒྱུར་ལ་ཤུགས་ཆེན་པོས་རོགས་སྐྱོར་བྱས།

དབུལ་སྐྱོར་བརྟན་བརླིང་སྡེ་བ་འཛུགས་སྐྲུན་ལས་འགན་དངོས་འབེབས་ལ་ཁག་ཐེག་བྱེད་ཆེད། ཐུན་ཏེ་རྫོང་གིས“མགོ་ཁྲིད་ཀྱིས་སྡེ་བར་འབྲེལ་མཐུད་བྱེད་པ་དང་། ལས་ཁུངས་ཀྱིས་སྡེ་བ་འགན་ལེན་བྱེད་པ། ལས་བྱེད་པ་སྡེ་བར་བཅའ་སྡོད་བྱེད་པའི”དབུལ་སྐྱོར་བརྟན་བརླིང་གི་འགན་འཁྲི་ལམ་ལུགས་བཟོས་ནས། རྫོང་རིམ་པའི་མགོ་ཁྲིད་དང་ཁའོ་རིམ་པའི་ལས་བྱེད་པ། སྡེ་ཁག་ལས་བྱེད་པ་དང་ཤང་གྲོང་གི་སྡེ་བའི་ལས་བྱེད་པ་བཅས་མི་བརྒྱ་ལྷག་སྐོང་འཐེན་བྱས་ཏེ་དབུལ་སྐྱོར་བརྟན་བརླིང་སྡེ་བ་དང་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱས། རྫོང་ཡོངས་ཀྱི་རྫོང་ཐད་གཏོགས་སྡེ་ཁག73གྱིས་སྡེ་བ73ལ“འབྲེལ་མཐུད་རོགས་སྐྱོར”བྱ་འགུལ་སྤེལ་བ་དང་། ལས་བྱེད་པ778ཡིས་སྡེ་བ་འགན་ལེན་ཁས་ལེན་བྱས་ཡོད། མིག་སྔའི་བར་དུ། བསྡོམས་པས་གཞི་རིམ་མང་ཚོགས་ལ་མ་དངུལ་སྒོར་ཁྲི8.05དང་རིན་གོང་སྒོར་ཁྲི18ཡི་དངོས་ཟོག་ཞལ་འདེབས་གནང་བ་དང་། རིན་གོང་སྒོར་ཁྲི47ཡི་ལུད་རྫས་དང་ས་བོན། ཞིང་སྨན་སོགས་དངོས་འབེབས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག