མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་འབྲེལ་གཏུག་བྱེད་སར་སོང་ནས་སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་མཛུབ་སྟོན་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-22 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དུ་སོ་སོར་རྫོང་གཅིག་ལ་འབྲེལ་གཏུག་བྱས་ནས་མཛུབ་སྟོན་བྱས། ཉེ་ལམ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་སོ་སོར་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་འབྲེལ་གཏུག་བྱེད་སར་སོང་ནས། ཡུལ་དངོས་ནས་འཚམས་འདྲི་དང་ཡར་ཞུར་ཉན་པ། བཞུགས་མོལ་བརྗེ་རེས་སོགས་ཀྱི་རྣམ་པ་སྤྱད་དེ་རྟོག་ཞིབ་བྱས་པ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་ནས། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་མཛུབ་སྟོན་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་ནས། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ལན་ཁའོ་རྫོང་གི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་བྱ་བར་རྟོག་ཞིབ་མཛུབ་སྟོན་གནང་སྐབས་སྤེལ་བའི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་དགོས་པ་དང་། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དར་སྤེལ་བྱེད་པ། མང་ཚོགས་ཀྱི་ལྟ་བ་བཅངས་པ་དང་། ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་བ། གནད་དོན་གྱི་ཁ་ཕྱོགས་དང་ལག་ལེན་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། སློབ་ཞོར་དང་སྒྲུབ་ཞོར་བྱེད་པ། ཞིབ་བཤེར་བྱེད་ཞོར་དང་བཅོས་སྒྱུར་བྱེད་ཞོར་བྱས་ནས། བྱ་འགུལ་སྤེལ་བར་མགོ་བཟང་བོ་ཞིག་རྩོམ་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན་ན་གོར་མོ་གྲོང་ཁྱེར་གྱི་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱེད་སྐབས། ངེས་པར་དུ་ཤུགས་ཆེན་པོས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དར་སྤེལ་བྱས་ནས། གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་རེ་བ་ལག་ལེན་བྱེད་དགོས་པ་དང་། ཡང་དག་པའི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་སྐོར་གྱི་སྤྱིའི་རེ་བ་དང་། ལས་འགན་གཙོ་བོ་དང་། བྱེད་ཐབས་གོ་རིམ། ཚད་གཞི་མཐོ་བ་དང་། རེ་བ་ནན་མོ་སོགས་ཁོང་དུ་ཆུད་པར་བྱས་ནས། ན་གོར་མོ་གྲོང་ཁྱེར་གྱི་སློབ་གསོ་ལག་ལེན་བྱ་འགུལ་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་བསླེབ་པར་བྱེད་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་སོང་ནས་བྱ་བར་རྟོག་ཞིབ་བྱེད་སྐབས། རྩི་གོར་ཐང་གྲོང་རྡལ་ནས་གཅིག་བསྡུས་ཀྱིས་ཉིན་གཉིས་ཀྱི་རིང་ལ་རྟོག་ཞིབ་བྱས་པ་མ་ཟད། སྔ་གཞུག་ཏུ་ཧོལ་ཁ་གྲོང་རྡལ་དང་ཆུ་སྔོན་གྲོང་རྡལ། འབྲོང་མཐིལ་ཞང་བཅས་སུ་སོང་ནས། རོང་འབྲོག་ཁྱིམ་ཚང་བཅུ་ལྷག་ཏུ་སོང་ནས་ས་དེའི་མང་ཚོགས་དང་འབྲེལ་བ་ཡོད་པའི་དཀའ་ཁག་དང་གནད་དོན་ཁ་ཤས་ཐག་གཅོད་རོགས་བྱས། ཁོས་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། གནད་ས་ཁོང་དུ་ཆུད་པར་བྱེད་པ། དངོས་འབེབས་དམ་འཛིན་བཅས་བྱས་ནས། གཏན་ལ་ཕབ་པའི་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཕྱོགས་ཡོངས་ནས་ནུས་པ་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་ཡར་སྐུལ་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་སོ་སོར་རང་སོ་སོའི་འབྲེལ་གཏུག་བྱེད་སར་སོང་ནས། སློབ་གསོ་ལག་ལེན་བྱ་འགུལ་ལ་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་རྐང་ཚ་རྫོང་དུ་སོང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མ་ཅ་དར་ལག་རྫོང་དུ་སོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་ནང་ཆེན་རྫོང་དུ་སོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་ཁྲི་འདུ་རྫོང་དུ་སོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན་དཔའ་ལུང་རྫོང་དུ་སོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་རྩེ་ཁོག་རྫོང་དུ་སོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཐེམ་ཆེན་རྫོང་དུ་སོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་ཞོན་ཧྭ་རྫོང་དུ་སོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝུའུ་ཡུས་ཏི་ཐུན་ཏེ་རྫོང་དུ་སོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་མའོ་ཞའོ་པེན་ཧུང་ཡོན་རྫོང་དུ་སོང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་པད་མ་རྫོང་དུ་སོང་། རྒྱུན་ལས་ཨུ་ཡོན་རྣམས་སྡེ་བ་དང་གཞིས་ཁུལ། ཁེ་ལས་བཅས་སུ་སོང་ནས། འབྲེལ་གཏུག་བྱེད་ས་ནས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། གཞི་རིམ་ནས་ཡོང་བའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཤིང་། ཡུལ་དངོས་ནས་ཁྲིམས་འཛིན་སྡེ་ཁག་དང་ཞབས་ཞུ་སྤེལ་སའི་ལས་ཁུངས། ཞིང་བ་ཁྱིམ་ཚང་བཅས་སུ་སོང་ནས་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་དགོས་པའི་ཐད་ལ་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་བསྟན་དོན། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་དེ་མང་ཚོགས་ཀྱི་ཁྱིམ་ནས་སྤེལ་དགོས་པ་དང་། མང་ཚོགས་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་དོན་དག་སྒྲུབ་རོགས་བྱེད་དགོས་པ་དང་། བྱ་འགུལ་སྤེལ་ནས་མི་དམངས་ཡིད་ཚིམ་པའི་ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བྱ་འགུལ་སྤེལ་ཏེ། ཧུར་ཐག་སྒོས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་བྱ་བ་སྔར་ལས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། སྔར་ལས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་ཟུང་འབྲེལ་དམ་པོ་བྱས་ནས་རང་སོ་སོའི་ཁྱད་ཆོས་མངོན་པར་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ནན་གྱིས་བསྟན་དོན། ཞིབ་བཤེར་བྱེད་ཞོར་དང་བཅོས་སྒྱུར་བྱེད་ཞོར་བྱས་ནས། གནད་དོན་མང་བོ་འབྱུང་བར་སྔོན་འགོག་བྱེད་དགོས་པ་དང་། སློབ་གསོ་ལག་ལེན་བྱ་འགུལ་དང་བཅོས་སྒྱུར་འཕེལ་རྒྱས་གཉིས་མཉམ་དུ་འཛིན་པ་དང་། མཉམ་དུ་ཡར་སྐུལ་བྱས་ནས། མཐའ་མཇུག་མི་དམངས་མང་ཚོགས་ལ་ཕན་འབྲས་སྔར་ལས་མང་པོ་ཐོབ་པར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག