མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་རིག་གནས་སྒྲིག་གཞི་བཅོས་སྒྱུར་་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:46

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་བྱ་བའི་གྲོས་ཚོགས་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁྱབ་ཁོངས་བཅོས་སྒྱུར་བྱེད་པའི་ཆེད་དོན་ཚན་ཆུང་གི་ཚན་གཙོ་ཅིས་ཏིས་མཱ་ཅ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིག་གནས་ཁྱབ་ཁོངས་བཅོས་སྒྱུར་བྱེད་པའི་ཆེད་དོན་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲང་ཅན་མེན་གཉིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

    གྲོས་ཚོགས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ནས་རྒྱུན་ཆད་མེད་པར་རིག་གནས་ཀྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ། བསམ་བློ་དང་བྱ་སྤྱོད་ཀྱི་སྟེང་ནས་ཚད་མཐོན་པོས་ཏང་ཀྲུང་དབྱང་དང་གཅིག་གྱུར་བྱས་ནས་འགན་འཁྲིའི་བསམ་པ་དྲག་པོ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་བསྟན།     གྲོས་ཚོགས་ནན་གྱིས་བསྟན་དོན། རིག་གནས་སྒྲིག་གཞི་བཅོས་སྒྱུར་བྱེད་པར་སྐུལ་འདེད་བྱེད་ན། གནད་ས་ཁོང་དུ་ཆུད་པ་དང་བརྟན་འཇགས་ངང་དར་སྤེལ་དུ་བཏང་སྟེ། རིག་གནས་དོ་དམ་སྒྲིག་གཞི་ལེགས་སྒྲིག་དང་རྒྱལ་དབང་རིག་གནས་སྡེ་ཁག་བཅོས་སྒྱུར་ཟབ་མོ་བྱེད་པ། རིག་གནས་ཐོན་རྫས་གསར་སྐྲུན་དང་ཐོན་སྐྱེད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་རིག་གནས་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ལམ་ལུགས་ཞིག་འཚོལ་ཞིབ་བྱེད་དགོས་ཞེས་བསྟན།     གྲོས་ཚོགས་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་རྩ་འཛུགས་དང་མགོ་ཁྲིད་ལེགས་སྒྱུར་བྱེད་པ་དང་གཏིང་ཟབ་སྒོས་ཞིབ་འཇུག་བྱེད་པ། སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱེད་པ། བྱ་བར་དཔྱད་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་གཟབ་ནན་གྱིས་ལྟ་རྟོག་དང་ཞིབ་བཤེར་བྱས་ཏེ་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་དོན་དངོས་བསྒྲུབ་པའི་བྱ་བ་དམ་འཛིན་བྱས་ནས་རྒྱུན་ཆད་མེད་པར་བྱ་བའི་སྟོབས་ཤུགས་གྲུབ་པར་བྱས་ཏེ་རིག་གནས་བཅོས་སྒྱུར་བྱ་བ་བདེ་བླག་ངང་བསྒྲུབ་པར་ཡར་སྐུལ་བྱེད་དགོས་ཞེས་ནན་གྱིས་བསྟན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག