མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧྲུའུ་ཅི་ལོ་ཧོས་ཉིན་དང་། ཧྲིན་ཀྲང་ཧའོ་ཕིན་རྣམ་གཉིས་ཀྱིས་རུ་ཁག་ཁྲིད་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་སྟོན་ལ་ལྟ་སྐོར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-15 11:46

111.jpg

ཧྲུའུ་ཅི་ལོ་ཧོས་ཉིན་སོགས་ཞིང་ཆེན་གྱི་མགོ་ཁྲིད་པ་རྣམས་ཀྱིས་འགྲེམ་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

222.jpg

ཧྲུའུ་ཅི་ལོ་ཧོས་ཉིན་སོགས་ཞིང་ཆེན་གྱི་མགོ་ཁྲིད་པ་རྣམས་ཀྱིས་འགྲེམ་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་། ཧྲིན་ཀྲང་ཧའོ་ཕིན་རྣམ་གཉིས་ཀྱིས་རུ་ཁག་ཁྲིད་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་སོང་ནས། མཚོ་སྔོན་ཚོང་གཏམ་ཚོགས་འདུའི་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས་པར་མ་ཟད་དཔྱད་ཞིབ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ནན་ཏན་སྒོས་ཉམས་མྱོང་སྤྱི་བསྡོམས་བྱས་ནས། ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ལས་གཞི་ལག་བསྟར་བྱ་བ་དམ་འཛིན་བྱེད་པ། སྤྱི་ཚོགས་ཀྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུས་ནས། མཚོ་སྔོན་ཚོང་གཏམ་ཚོགས་འདུའི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

    ཉིན་དེའི་སྔ་དྲོར། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཟི་ལིང་དུ་ཡོད་པའི་མགོ་ཁྲིད་བྱ་འགུལ་དུ་ཞུགས་པ་དང་། སྔ་གཞུག་ཏུ་ཕྱོགས་བསྡུས་ས་ཁུལ་དང་། ཤར་ཕྱོགས་གྲོང་ཁྱེར་མང་བོའི་འཛུགས་སྐྲུན་འགྲེམ་སྟོན་ས་ཁུལ། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་འགྲེམ་སྟོན་ས་ཁུལ། སྐྱེ་ཁམས་ཞིང་ཕྱུགས་ལས་འགྲེམ་སྟོན་ས་ཁུལ། འཁོར་སྤྱོད་དཔལ་འབྱོར་ཐོན་ལས་འགྲེམ་སྟོན་ས་ཁུལ། ལིས་ཐོན་ལས་དང་གློག་སྒུལ་རླངས་འཁོར་འགྲེམ་སྟོན་ས་ཁུལ། ཆ་འཕྲིན་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་འགྲེམ་སྟོན་ས་ཁུལ་བཅས་ལ་ལྟ་སྐོར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གསར་བ་དང་། རྒྱུ་ཆ་གསར་བ། སྒྲིག་བཟོ་སྒྲིག་སྦྱོར། རྫས་འགྱུར་བཟོ་ལས། གློག་རྡུལ་ཆ་འཕྲིན། ཁྱད་ཆོས་ཞིང་ཕྱུགས་ལས་ལས་སྣོན་སོགས་གསར་གཏོད་འཛུགས་སྐྲུན་ཐད་ནས་བླངས་བའི་གྲུབ་འབྲས་དང་དེ་མིན་ཀྲུང་དབྱང་གི་ཁེ་ལས་དང་། དམངས་གཉེར་ཁེ་ལས་ཀྱི་གསར་གཏོད་ཐོན་རྫས་གསར་བར་རྒྱུས་ལོན་བྱས།

    དཔྱད་ཞིབ་ཚོགས་འདུར་ཞུགས་པའི་མི་སྣས་ཉིས་སྟོང་བཅུ་གསུམ་ལོའི་མཚོ་སྔོན་ཚོང་གཏམ་ཚོགས་འདུའི་སྟེང་བཀོད་པའི་ལས་གཞི་དངོས་འབེབས་གནས་ཚུལ་དང་རེབ་འདིའི་མཚོ་སྔོན་ཚོང་གཏམ་ཚོགས་འདུའི་སྤྱིའི་གྲུབ་འབྲས་ཡར་ཞུ་བྱས་པར་མ་ཟད། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་། འགྲེམ་སྟོན་ས་ཁུལ་སོ་སོས་རེབ་འདིའི་མཚོ་སྔོན་ཚོང་གཏམ་ཚོགས་འདུའི་གྲུབ་འབྲས་དང་ཉིས་སྟོང་བཅུ་གསུམ་ལོའི་མཚོ་སྔོན་ཚོང་གཏམ་ཚོགས་འདུར་བཀོད་པའི་ལས་གཞི་དངོས་འབེབས་གནས་ཚུལ་ཡར་ཞུ་བྱས་པར་ཉན། ལོ་ཧོས་ཉིན་དང་། ཧའོ་ཕིན། རིན་ཆེན་རྒྱལ། མུའུ་ཏུང་ཧྲིན་སོགས་ཀྱིས་སོ་སོར་དཔྱད་ཞིབ་བྱས།

    གྲོས་ཚོགས་ནས་བསྟན་དོན། མཚོ་སྔོན་ཚོང་གཏམ་ཚོགས་འདུ་བཟང་བོར་བསྒྲུབ་དགོས་ན། ངེས་པར་དུ་ཆེ་ཕྱོགས་ལ་དམིགས་པ་དང་། མདུན་ལྗོངས་ལ་དམིགས་ནས། ཁྱད་ཆོས་འབུར་དུ་ཐོན་པ་དང་བཅོས་སྒྱུར་གསར་སྐྲུན། སེམས་ཤུགས་གཅིག་སྒྲིལ། དཀའ་ཁག་ལ་མི་འཛེམ་པར་བྱེད་དགོས། ནན་ཏན་སྒོས་ཉམས་མྱོང་སྤྱི་བསྡོམས་བྱས་ནས་ཕན་འབྲས་ལེན་པར་བརྩོན་དགོས་པ་དང་། བཟང་ཕྱོགས་དར་སྤེལ་བྱེད་པ་དང་། མི་འདང་ས་ལེགས་སྒྱུར་བྱས་ནས། འགྲེམ་སྟོན་ཚོགས་འདུ་སྒྲུབ་པའི་བྱ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས།

    གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མཚོ་སྔོན་ཚོང་གཏམ་ཚོགས་འདུ་སྐབས་བཅོ་ལྔ་བས་མཚོ་སྔོན་ཚན་རིག་ལྟར་འཕེལ་རྒྱས་སུ་བཏང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་མཚོན་ཞིང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། ཁྱད་སྟོབས་ཕན་ཚུན་ཁ་གསབ་རྒྱག་པར་ཡར་སྐུལ་བྱེད་པ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་ལས་གཞི་དངོས་འབེབས་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་པས་དངོས་སུ་སྣེ་ཁྲིད་དེ་ལས་གཞི་དམ་འཛིན་བྱེད་དགོས་ན། མཐུན་སྦྱོར་བྱ་བ་དང་འཆར་གཞི་འགོད་པའི་བྱ་བ་དམ་འཛིན་བྱས་ནས་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་དགོས་པར་མ་ཟད། ལས་གཞི་གཉིས་ཀྱི་བྱ་བར་སྣེ་ཁྲིད་དེ་བསྒྲུབ་དགོས་ལ། ལས་གཞི་དམ་འཛིན་བྱེད་པའི་གོ་སྐབས་ལ་བརྟེན་ནས། སློབ་སྦྱོང་ཡང་ཡང་བྱས་ནས། ལས་གཞི་དམ་འཛིན་བྱེད་དགོས་པ་དང་། ལས་གཞི་ཡང་ནས་ཡང་དུ་དམ་འཛིན་བྱས་ནས། རྒྱུན་ཆད་མེད་པར་རང་སྟེང་གི་རྣམ་པ་བསྒྱུར་བའི་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་། སྤྱི་ཚོགས་ཡོངས་སུ་འཕེལ་རྒྱས་དམ་འཛིན་དང་། ལས་སྐྲུན་སྤེལ་བའི་ཐུན་མོང་གི་ལྟ་བ་ཞིག་ཆགས་པར་བྱེད་དགོས་ཟེར།

    གྲོས་ཚོགས་ནས་ད་རུང་སྔ་མོ་ནས་སང་ལོའི་མཚོ་སྔོན་ཚོང་གཏམ་ཚོགས་འདུར་གྲ་སྒྲིག་བྱེད་དགོས་པའི་རེ་བ་བཏོན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག