མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོས“བྱེ་གླིང་མཛེས་ལྗོངས”སུ་ཡུལ་སྐོར་བ་བསུས།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-06-15 12:03

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་མཚོ་སྔོན་པོའི་བྱེ་གླིང་མཛེས་ལྗོངས་ཁུལ་ནས་ཤེས་རྟོགས་བྱས་པར།མཚོ་སྔོན་པོའི་རྒྱལ་སྤྱིའི་འཇིམ་རྐོས་དང་ས་གཞི་ཆེ་མོའི་སྒྱུ་རྩལ་ཡུལ་སྐོར་དུས་ཚིགས་དེ་ཟླ་6ཚེས་14ཉིན་ནས་ཟླ་10ཚེས་15ཉིན་བར་གཉེར་རྒྱུ་མ་ཟད།ཚེས་14ཉིན་བྱེ་གླིང་མཛེས་ལྗོངས་སུ་སྤ་སེ་མི་དགོས་པར་རྒྱ་ཆེའི་ཡུལ་སྐོར་བར་སྒོ་ཕྱེ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།འདི་ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་འཇིམ་རྐོས་དང་ས་གཞི་ཆེ་མོའི་སྒྱུ་རྩལ་ཡུལ་སྐོར་དུས་ཚིགས་དེ“མཛེས་སྡུག་ལྡན་པའི་མཚོ་སྔོན་པོར་སྤྲོ་བ་ཆེན་པོས་ཡུལ་སྐོར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་བ་དང་བྱེ་རྐོས་དང་།འཇིམ་རྐོས།ས་གཞི་ཆེ་མོའི་སྒྱུ་རྩལ་བཅས་རིགས་གསུམ་གྱི་སྒྱུ་རྩལ་བྱེད་ཐབས་སྤྱད་པའི་ཐོག་ལོ་རྒྱུས་ཀྱི་མཚོན་བྱེད་དངོས་པོ་དང་ཀོ་ཕིག་མི་སྣ་བྱེ་མའི་གཟུགས་སུ་བརྐོས་ཏེ་མཚོ་སྔོན་པོར་མཛེས་རྒྱན་སྤྲས་པའི་ནང་རིང་ཚད་ལ་སྨི་70དང་།ཞེང་ཚད་ལ་སྨི་30 མཐོ་ཚད་ལ་སྨི་12བཅས་ཡོད་པའི་རྒྱ་ནག་ལྕགས་རི་རིང་པོ་ཡོད་ལ།མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་གྲོང་མིའི་སྡོད་ཁང་ཡང་ཡོད།

    མཚོ་སྔོན་པོའི་བྱེ་གླིང་མཛེས་ལྗོངས་ཁུལ་གྱི་འགན་ཁུར་བ་ཁྲེན་པིན་གྱིས་གནམ་གཤིས་དྲོ་རུ་ཕྱིན་པས་མཚོ་སྔོན་པོར་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ཡོད།ད་ཆ་མཚོ་སྔོན་པོའི་བྱེ་གླིང་མཛེས་ལྗོངས་ཁུལ་དུ་ཟ་སྡོད་སྐྱོད་བཅས་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ནས་མི་བརྒྱ་ཡན་སྡོད་སའི་ཁང་པ་དང་མི་སུམ་བརྒྱ་ལྟོ་ཟ་སའི་ཟ་ཁང་ཡང་ཡོད་ལ།རླངས་འཁོར་500འཇོག་ས་ཡང་ཡོད།ཟླ་བ་དྲུག་པའི་ཟླ་དཀྱིལ་དུ་ཟི་ལིང་ནས་བྱེ་གླིང་བར་གྱི་རྒྱུན་ཚིགས་རླངས་འཁོར་ཡང་ཤར་གཏོང་ཐུབ་རེ་ཡོད་ཅེས་ངོ་སྤྲོད་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག