མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་དང་ཞིང་སྡེའི་སྡོད་ཁང་། མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-26 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་དང་ཞིང་སྡེའི་སྡོད་ཁང་། མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྡུས་པ་དང་། ལོ་སྟོད་ཀྱི་བྱ་བའི་འཕེལ་རྒྱས་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ཡུལ་དངོས་ལྟ་སྦྱོང་བརྗེ་རེས་བྱེད་པ་བརྒྱུད་རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་དང་ལོ་ཧྲིལ་བོའི་ལས་འགན་སོ་སོ་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱས། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུས་ནན་གྱིས་བསྟན་དོན། གྲོང་རྡལ་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས། མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བཅས་ནི་ཤང་གྲོང་སྡོད་དམངས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་དམངས་འཚོའི་བཟོ་འགོད་ཞིག་ཡིན་པ་མ་ཟད། མ་དངུལ་སྐུལ་ཁྲིད་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ། ཤང་གྲོང་གི་རྣམ་པ་ལེགས་བཅོས། འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་བའི་འཕེལ་རྒྱས་ཀྱི་བཟོ་འགོད་ཞིག་ཀྱང་ཡིན། ས་ཁུལ་དང་སྡེ་ཁག་སོ་སོས་ཡོང་སྒོ་སྤེལ་བ་དང་སྒྲིག་གཞི་ལེགས་བཅོས། བྱེད་ཐབས་བསྒྱུར་བ། དམངས་འཚོར་ཁེ་ཕན་བསྐྲུན་པ་དམིགས་འབེན་དུ་བཟུང་སྟེ། འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ནས་དངོས་གནས་འགན་འཁྲི་དངོས་འབེབས་བྱེད་དགོས།

ཚོགས་འདུས་ནན་གྱིས་བསྟན་དོན། རིགས་སོ་སོའི་འགན་སྲུང་སྡོད་ཁང་དང་སྤྱིལ་ཁྱིམ་ཁུལ་བསྒྱུར་བཅོས་ལས་གཞིའི་འཛུགས་སྐྲུན་བྱེད་འགོ་རྩོམ་པ་ཇེ་མགྱོགས་སུ་བཏང་སྟེ། ཤུགས་ཆེན་པོས་གནས་སྤོར་དང་ལས་འགོ་རྩོམ་པ། སྒྲིག་ཆས་ཆ་སྡེབ། སྡོད་ཁང་གསར་བར་གནས་སྤོར་བ་བཅས་གཙིགས་སུ་བཟུང་ནས་མཐུད་སྐྲུན་ལས་གཞིའི་འཕེལ་རྒྱས་འཆར་འགོད་ལེགས་བཅོས་དང་གསར་སྐྲུན་ལས་གཞིའི་ལས་ཡུན་བཀོད་སྒྲིག་བྱེད་པ། གསར་དུ་ལས་འགོ་ཚུགས་པའི་ལས་གཞིའི་བརྟག་བཤེར་ཆོག་མཆན་ལ་བཅོས་བསྒྱུར་དང་ཇེ་མགྱོགས་སུ་བཏང་ནས། སྔ་མོ་ནས་སང་ལོའི་སྤྱིལ་ཁྱིམ་ཁུལ་བཅོས་བསྒྱུར་བཅོས་ལས་གཞི་ཇུས་འགོད་བྱེད་པ་དང་། བསྒྱུར་བཅོས་ཀྱི་གོ་སྐབས་ལ་བརྟེན་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱེད་པ་ལྟེ་བར་བཟུང་བའི་ཞིང་སྡེའི་སྡོད་ཁང་འཛུགས་སྐྲུན་བྱས་ཏེ་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་དང་གཞི་རྩའི་སྤྱི་བའི་ཞབས་ཞུ་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་ཞིང་རའི་ཡུལ་ལྗོངས་དང་སྲོལ་རྒྱུན་རྣམ་པ་སྲུང་འཛིན་ལ་གཙིགས་འཛིན་དང་། ཁ་གཏད་རོགས་སྐྱོར་བྱ་བར་ཤུགས་བསྣན་ནས་ཐོན་ལས་འཕེལ་རྒྱས་ཀྱིས་གསར་དར་ཞིང་སྡེའི་གཞིས་ཁུལ་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཆོས་ཉིད་ལ་བརྩི་སྲུང་དང་ཇུས་འགོད་ལེགས་པོར་སྒྲུབ་ནས་གཙོ་གནད་འབུར་བཏོད་དང་ནུས་ཤུགས་གཅིག་སྒྲིལ་གྱིས་འཛུགས་སྐྲུན་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག