མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཆེད་དོན་བགྲོ་གླེང་འཛིན་གྲྭ་དེ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-26 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས24ཉིན་ནས་ཚེས25ཉིན་བར། རྒྱལ་ཡོངས་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཆེད་དོན་བགྲོ་གླེང་འཛིན་གྲྭ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ལིས་པིན་གྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧི་ཕིན་གྱིས་ཤིས་ཚིག་ཕུལ། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་སུང་ཀྲི་ཀང་གིས་འགོ་འཛིན་བྱས་ལ། ཀྲུའུ་རིན་གཞོན་པ་ཝང་ཀོ་ཆང་དང་ཁྲིན་ཞའོ་ཧུང་། ཝང་ཕའེ་ཨན། ཚའེ་ལིས། ཞུའུ་ཁི་དང་ཧྲིན་ཀྲང་གཞོན་པ་མ་ཧྲིན་ཆིན་སོགས་ཚོགས་འདུར་ཞུགས།

ལིས་པིན་གྱིས་བསྟན་དོན། རྒྱལ་ཡོངས་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་མ་ལག་གིས་ཤུགས་ཆེན་པོས་སྨན་བཅོས་བཅོས་བསྒྱུར་ལ་སྐུལ་འདེད་དང་གཞུང་བཙུགས་སྨན་ཁང་བཅོས་བསྒྱུར་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། སྨན་བཅོས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་གཞི་རྩའི་སྨན་རྫས་ལམ་ལུགས་དང་གཞི་རིམ་འཁོར་སྐྱོད་ལམ་ལུགས་གསར་བ་བརྟན་བརླིང་དང་མཐོར་འདེགས་སུ་བཏང་ཞིང་། སྤྱི་ཚོགས་གིས་སྨན་ཁང་སྒྲུབ་པ་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་། བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་བརྟན་བརླིང་ངང་ལག་བསྟར་བྱས་པ་དེས་འཆར་ལྡན་བུ་སྐྱེས་ཀྱི་གཞི་རིམ་རྨང་གཞི་དང་འཕྲོད་བསྟེན་འཕྲལ་སྒྲུབ། སྤྱི་བའི་འཕྲོད་བསྟེན། ཟས་རིགས་བདེ་འཇགས་བཅས་ཀྱི་བྱ་བར་ཤུགས་སྣོན་བྱས་ཤིང་། ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་དང་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཀྱི་དྲང་ཕྱོགས་ཀྱི་ནུས་པ་དར་སྤེལ་དུ་བཏང་བ་དང་། ལས་དོན་འཕེལ་རྒྱས་ཀྱི་འགན་སྲུང་ནུས་པ་མུ་མཐུད་དུ་ཇེ་ཆེར་བཏང་ཡོད།

ཧི་ཕིན་གྱིས་ཤིས་ཚིག་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་གནས་ཚུལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ལྷག་པར་དུ་སྨན་རྫས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མང་ཚོགས་ཀྱི་བདེ་ཐང་ལ་ཕན་ཁེ་སྐྲུན་པ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།

ཞིང་ཆེན་དང་གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱི་འགན་འཁུར་མི་སྣ་གཙོ་བོ། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་ཁུངས་སོ་སོ་དང་། ཐད་གཏོགས་དང་འབྲེལ་གཏུག་ལས་ཁུངས་སོ་སོའི་འགན་འཁུར་མི་སྣ་གཙོ་བོ། གཞི་རིམ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྡེ་ཁག་དང་གཞུང་བཙུགས་སྨན་ཁང་གི་འཐུས་མི་སྐོར་ཞིག་ཚོགས་འདུར་ཞུགས་ཡོད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག