མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རིན་ཆེན་རྒྱལ་གྱིས་ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་མང་ཚོགས་ཀྱི་སྨྱུང་གྲོལ་དུས་ཆེན་ལ་འཚམ་འདྲི་དང་སྨོན་འདུན་ཞུས།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-28 11:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། དབྱི་སི་ལན་མང་ཚོགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་སྲིད་གྲོས་འབྲེལ་ཡོད་བློ་མཐུན་གྱི་འགྲོ་རོགས་འོག་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་དབྱི་སི་ལན་མཐུན་ཚོགས་ཀྱི་ཚོགས་གཙོ་མ་ཁྲང་ཆིན་གྱི་ཁྱིམ་དུ་སོང་ནས་འཚམ་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་མང་ཚོགས་ལ་དུས་ཆེན་གྱི་འཚམ་འདྲི་དང་སྨོན་འདུན་ཞུས་པ་མ་ཟད་འཚམ་འདྲི་སྒོར་མོ་དང་དངོས་པོ་བྱིན།

ཁ་བརྡའི་ཁྲོད་རིན་ཆེན་རྒྱལ་གྱིས་བཤད་རྒྱུར། དུས་ཡུན་རིང་བོའི་ནང་རྒྱ་ཆེའི་དབྱི་སི་ལན་མང་ཚོགས་དང་གཞན་པའི་སྤུན་ཟླ་མི་རིགས་ཀྱི་ཐུན་མོང་གི་འབད་བརྩོན་འོག མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དར་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བྱུང་ཡོད་ལ། འདི་ནི་རིགས་སོ་སོའི་མི་རིགས་འཆམ་མཐུན་མཉམ་གནས་ཀྱི་གྲུབ་འབྲས་ཡིན་ཟེར།

རིན་ཆེན་རྒྱལ་གྱིས་མ་ཁྲང་ཆིན་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། ཁོ་རང་ཚེ་བསོད་རྒྱས་པའི་སྨོན་འདུན་ཞུས་པ་མ་ཟད། ཁོས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་བརྟན་བརླིང་བྱ་བའི་ཐད་བཏོན་པའི་བྱས་རྗེས་ལ་བཀའ་དྲིན་ཞུས། རིན་ཆེན་རྒྱལ་གྱིས་རྒྱ་ཆེའི་དབྱི་སི་ལན་མང་ཚོགས་ཀྱིས་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་དང་མཚོ་སྔོན་ལ་གཅེས་པའི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བྱས་ཏེ། ཧུར་བརྩོན་གྱིས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སྔོན་ཐོན་ཁུལ་འཛུགས་པའི་བྱ་འགུལ་ལ་ཞུགས་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་པའི་རྣམ་པ་ལེགས་པོ་བརྟན་བརླིང་དང་འཕེལ་རྒྱས་སུ་གཏོང་བ་དང་། “ཁུལ་གསུམ”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

མ་ཁྲང་ཆིན་གྱིས་ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་མང་ཚོགས་ཚབ་བྱས་ཏེ་ཀྲུའུ་ཞི་རིན་ཆེན་རྒྱལ་གྱི་འཚམ་འདྲི་དང་སྨོན་འདུན་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྒྱ་ཆེའི་དབྱི་སི་ལན་སྤུན་ཟླས་སྔར་བཞིན་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བསམ་བློའི་དགོངས་དོན་དང་དམིགས་འབེན། བྱ་འགུལ་བཅས་ལ་གཅིག་ཏུ་གཞོལ་ཏེ། སྤུན་ཟླ་མི་རིགས་གཞན་པ་དང་མཉམ་དུ་མཚོ་སྔོན་དེ་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁུལ་དུ་གསར་འཛུགས་བྱེད་པར་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།  །

仁青加向全省穆斯林群众致以节日问候和美好祝愿

  青海新闻网讯 7月26日,在穆斯林群众的传统节日——开斋节到来之际,省政协主席仁青加在省政协有关同志陪同下前往省政协副主席、省伊协会长马长庆家中进行慰问,向全省穆斯林群众致以节日的问候和美好的祝愿,并送去了慰问金和慰问品。

  在亲切的交谈中,仁青加说,长期以来,在广大穆斯林群众和其他兄弟民族共同努力下,我省保持了经济繁荣、社会进步、民族团结,这是各民族和谐共处的结果。

  仁青加向马长庆表示节日的祝贺,祝福他健康长寿,并感谢他为全省民族团结稳定工作做出的贡献。希望广大穆斯林同胞继续发扬爱国爱教爱青海的优良传统,积极投身创建民族团结进步先进区活动,为巩固和发展全省各族人民共同团结奋斗的良好局面,为加快“三区”建设做出更大的贡献。

  马长庆代表全省穆斯林群众感谢仁青加主席的看望及慰问。他说,广大穆斯林同胞一定会一如既往始终不渝地与省委省政府在思想上同心同德、目标上同心同向、行动上同心同行,与其他兄弟民族携手共进,为把我省打造成民族团结先进区添砖加瓦。

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག