མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

པའོ་དབྱི་ཀྲི་ཡིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་རིག་གནས་ཐོན་ལས་ལས་གཞི་ལ་རྟོག་ཞིབ་བྱས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་ཡིས་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་འདོན་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་འབྲེལ་ཡོད་ཆེད་མཁས་པ་ཁྲིད་ནས་ཧྲུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་རིག་གནས་ཐོན་ལས་ལས་གཞི་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་སྔ་གཞུག་ཏུ་ཐུའུ་ཀུའུ་ཧོང་ཐང་ཆེན་དང་ནཱ་ཏོན་གཞིས་ཀ འཇའ་ཚོན་ཚོ་བ་སོགས་རིག་གནས་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས་པ་མ་ཟད། ཧུའུ་ཀྲུའུ་རྫོང་གིས་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་གནས་ཚུལ་གྱི་མཚམས་སྦྱོར་ལ་ཉན། རྟོག་ཞིབ་ཚན་ཆུང་གིས་ཧུའུ་ཀྲུའུ་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད་དུ་རྫོང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། རིག་ལམ་གསལ་ཞིང་བྱེད་ཐབས་སྟོབས་ལྡན་ཡིན་པ། སྟོབས་ཤུགས་ཡོད་རྒུས་གོང་འཕེལ་དུ་གཏོང་བ་བཅས་བྱས་ནས། ཧོར་རིགས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་གཉིས་ཟུང་འབྲེལ་བཟང་བོ་བྱས་པ་དང་། ཧོར་རིགས་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་གོ་དོན་འགྲེལ་བཤད་གསལ་བོ་བྱས་སྙམ།

པའོ་དབྱི་ཀྲི་ཡིས་བསྟན་དོན། ཧུའུ་ཀྲུའུ་རྫོང་གིས་མིག་སྔའི་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་བཟང་བོ་དམ་འཛིན་བྱེད་པ་དང་། རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་བྱ་བ་གཙོ་བོར་བརྩིས་ནས་སྟོབས་ཤུགས་ཡོད་རྒུས་སྤེལ་དགོས།

ཁོས་ཧུའུ་ཀྲུའུ་རྫོང་ཏང་ཨུ་དང་། རྫོང་སྲིད་གཞུང་གིས་གྲོང་གསེབ་ཅན་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་དུ་གྲོང་ཁྱེར་རིག་གནས་ཀྱི་གོ་གནས་གཏན་ཁེལ་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་པ་དང་། མི་རིགས་རིག་གནས་སྔོག་འདོན་བྱེད་པར་དོ་སྣང་བྱེད་པ། ཁྱད་ཆོས་ལྡན་པའི་གྲོང་ཁྱེར་གྱི་རིག་གནས་མཛེས་ལྗོངས་སྐོར་ཞིག་འཆར་འགོད་དང་འཛུགས་སྐྲུན་བྱེད་པ། མང་ཚོགས་ཀྱི་ཁོངས་གཏོགས་འདུ་ཤེས་དང་སྤོབས་སེམས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ཕྱི་རོལ་ལ་ཐེབས་པའི་ཤུགས་རྐྱེན་ཇེ་མཐོར་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག