མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སྐོར་ནས་འགན་ཁུར་གཉིས་ཞེས་པའི་དགོངས་འཆར་ལག་བསྟར་དངོས་འབེབས་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཞིབ་འཇུག་སྤེལ་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུས«ཏང་སྲོལ་སྲིད་གཙང་གི་ཏང་ཨུའི་རང་བདག་གི་འགན་ཁུར་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་ལག་བསྟར་དངོས་འབེབས་སྐོར་གྱི་དགོངས་འཆར»ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དངོས་འབེབས་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་ལས་འགུལ་ཤུགས་ཆེན་པོས་སྤེལ།

དགོངས་འཆར་ལས་ཏང་ཨུའི་རང་བདག་གི་འགན་ཁུར་ལ་ཏང་ཨུའི་ཐུན་མོང་གི་འགན་ཁུར་དང་མགོ་ཁྲིད་ཚན་ཁག་གི་འགན་ཁུར་མི་སྣ་གཙོ་བོའི་རང་བབ་འགན་ཁུར། མགོ་ཁྲིད་ཚན་ཁག་གི་ལས་བྱེད་མི་སྣའི་འགན་ཁུར་བཅས་ཡོད་པ་གསལ་སྟོན་བྱས། དགོངས་འཆར་ལས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་གཅིག་གྱུར་གྱི་མགོ་ཁྲིད་ནུས་པར་སྔར་ལས་ཤུགས་བསྣན་ནས། ཕུལ་བྱུང་ལས་བྱེད་མི་སྣ་འདེམས་བསྐོ་དང་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། དབང་ཆ་རྟིང་འཛིན་དང་ལྟ་སྐུལ་ལ་སྟོབས་སྣོན་བྱེད་པ། གྱོད་དོན་རྩད་གཅོད་ལ་མགོ་ཁྲིད་དང་རྒྱབ་སྐྱོར་བྱེད་པ། ཏང་གི་སྒྲིག་ཁྲིམས་ཚུལ་བཞིན་དུ་སྲུང་བ། ཏང་གཤིས་འཛུགས་སྐྲུན་གཏིང་ཟབ་དུ་སྤེལ་བ། དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ། གཟབ་ནན་ངང་ལྟ་སྐུལ་དཔྱད་ཞིབ་བྱེད་པ་སོགས་གནད་དགུའི་ཆ་ཡོད་པར་བསྟན། མགོ་ཁྲིད་ཚན་ཁག་གི་འགན་ཁུར་མི་སྣ་གཙོ་བོས་ཏང་སྲོལ་སྲིད་གཙང་གི་འཛུགས་སྐྲུན་བྱ་བ་འགན་ཁུར་གཙོ་བོར་འཛིན་དགོས། མགོ་ཁྲིད་ཚན་ཁག་གི་ལས་བྱེད་མི་སྣ་གཞན་པས་ངེས་པར་དུ་ལས་རྐང་གཅིག་གི་སྟེང་ནས་འགན་ཁུར་གཉིས་སྲུང་བར་འབད་དེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བྱ་གཞག་ལ་རོགས་འདེགས་ཀྱི་ནུས་པ་འདོན་དགོས་པ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག