མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་མཐུན་སྦྱོར་ཡོང་བའི་གླེང་སྟེགས་སྐབས་དང་པོ་བསྡུས།

རྩོམ་པ་པོ། བཀྲ་ཤིས་དོན་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:02

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་མཐུན་སྦྱོར་ཡོང་བའི་གླེང་སྟེགས་སྐབས་དང་པོ་བསྡུས། གླེང་སྟེགས་འདི་ནི་རྨ་ལྷོ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། རྨ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་ཏེ་རྨ་ལྷོ་ཁུལ་མགྲོན་ཁང་གི་ཚོགས་འདུ་ཁང་དུ་སྤེལ་བ་དང་། གླེང་སྟེགས་ལ་ལཱ་མོ་བདེ་ཆེན་དགོན་པའི་སྤྲུལ་སྐུ་ཞབས་དྲུང་དཀར་པོ་ཚང་གིས་མགོ་འཛིན་བྱས། ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་རེབ་གོང་ནང་བསྟན་མཐུན་ཚོགས་ཀྱི་ཀྲུའུ་ཞི། རོང་བོ་དགོན་པའི་དགོན་བདག་བླ་མ་ཤར་ཚང་། རྨ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་བཅས་ཀྱིས་ཤིས་ཚིག་ཕུལ། གླེང་སྟེགས་ལ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱ་བཟའ་དང་ཚེ་བརྟན། དགར་བ་སོགས་དང་རྨ་ལྷོ་ཁུལ་གྱི་བླ་སྤྲུལ་དང་དགེ་བཤེས་བརྒྱ་ལྷག་ཞུགས་ཡོད་པ་དང་། རྨ་ལྷོ་ཁུལ་གྱི་ནང་བསྟན་དགོན་པ་དང་ནང་བསྟན་ཆོས་ལུགས་མི་སྣའི་ཁྲོད་དུ་དཔྱད་རྩོམ་བསྡུ་བའི་བྱ་འགུལ་སྤེལ་བའི་ཁྲོད་ཀྱི་དཔྱད་རྩོམ་བཅུ་ཚོགས་ཐོག་ཏུ་སྒྲོག་འདོན་དང་བྱ་དགའ་ཐོབ་པའི་དཔྱད་རྩོམ་ཉི་ཤུ་ལ་བྱ་དགའ་ཨང་རིམ་བཀར་ནས་བྱ་དགའི་མ་དངུལ་དང་ལག་རྟགས་བྱིན། དེ་མིན་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ཚེ་དཔལ་སྟོབས་ལྡན་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ཨུ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱ་བཟའ་གཉིས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་ཀྱི་ངོས་ནས་འཆད་ཁྲིད་གནང་། མཇུག་མཐར་རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཅུའུ་ཁི་ཀྲུང་གིས་རེབ་གོང་གི་ཆོས་ལུགས་མི་སྣ་དག་གིས་རྒྱལ་གཅེས་ཆོས་གཅེས་དང་སྡོམ་སྲུང་ཁྲིམས་བརྩིའི་སྒོ་ནས་བོད་བརྒྱུད་ནང་བསྟན་གོང་སྤེལ་དང་མི་རིགས་སོ་སོར་མཐུན་སྒྲིལ་དམ་པོ་བྱེད་དགོས་པའི་བླང་བྱ་བཏོན།  །

20f88ceadfba2591cd4eca04badc4602.jpg

ལཱ་མོ་བདེ་ཆེན་དགོན་པའི་སྤྲུལ་སྐུ་ཞབས་དྲུང་དཀར་པོ་ཚང་གིས་མགོ་འཛིན་བྱེད་ཀྱིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་ཤིས་ཚིག་འབུལ་གྱིན་པ།

522a738455908b666bbcaec681f2e8c5.jpg

རེབ་གོང་ནང་བསྟན་མཐུན་ཚོགས་ཀྱི་ཀྲུའུ་ཞི། རོང་བོ་དགོན་པའི་དགོན་བདག་བླ་མ་ཤར་ཚང་གིས་ཤིས་ཚིག་འབུལ་གྱིན་པ།

83f8c1ee156dab54bafef7d845a18d8e.jpg

རྨ་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཤིས་ཚིག་འབུལ་གྱིན་པ།

IMG_4939.JPG

ཐེངས་འདིའི་དཔྱད་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པའི་རོང་བོ་དགེ་འདུན་དར་རྒྱས་ཀྱིས་དཔྱད་རྩོམ་སྒྲོག་སྦྱོང་བྱེད་ཀྱིན་པ།

ཚོགས་རའི་ཟུར་ཞིག

བྱ་དགའ་ཐོབ་མཁན་དག་ལ་དཔང་ཡིག་འབུལ་གྱིན་པ།

IMG_5055.JPG

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ཚེ་དཔལ་སྟོབས་ལྡན་གྱིས་ཚོགས་ཐོག་ཏུ་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་ཀྱི་ངོས་ནས་འཆད་ཁྲིད་གནང་གྱིན་པ།

IMG_5057.JPG

ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ཨུ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨ་ལག་རྒྱ་བཟས་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་ཀྱི་ངོས་ནས་འཆད་ཁྲིད་གནང་གྱིན་པ།

IMG_5086.JPG

རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཅུའུ་ཁི་ཀྲུང་གིས་ཚོགས་འདུ་མཇུག་བསྡུ་བའི་གཏམ་བཤད་གནང་གྱིན་པ།

IMG_5098.JPG

ཚོགས་ཞུགས་པ་རྣམས་ཀྱི་མཉམ་པར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག