མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ནང་ཆེན་རྫོང་གིས་ཤུགས་ཆེན་པོས་ཞིང་ཕྱུགས་ལས་གཙོ་གནད་ལས་གཞི་ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-29 11:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ནས་བཅར་འདྲི་བྱེད་སྐབས་རྒྱུས་ལོན་པ་ལྟར་ན། ད་ལོར་ནང་ཆེན་རྫོང་ཡོངས་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི2000བཀོད་སྒྲིག་བྱས་ཏེ། ཞིང་ཕྱུགས་ལས་འཕེལ་རྒྱས་དང་ཞིང་ཕྱུགས་ལས་གཙོ་གནད་ལས་གཞི་ལ་སྐུལ་འདེད་བྱེད་པར་རོགས་སྐྱོར་བྱས།

ནང་ཆེན་རྫོང་ནི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ཞིང་ཕྱུགས་འདྲེས་མའི་རྫོང་ཞིག་ཡིན་ལ། རྫོང་ཡོངས་ཀྱི་རྨོ་ཞིང་གི་རྒྱ་ཁྱོན་གྱིས་ཡུས་ཧྲུའུ་ཁུལ་ཡོངས་ཀྱི་ཕྱེད་ཀ་ཡན་ཟིན་ཡོད་པ་དང་། ཞིང་ཕྱུགས་ལས་ནི་རྫོང་ཡོངས་ཀྱི་གཙོ་ཁྲིད་ཐོན་ལས་སུ་གྱུར་ཡོད། དེ་བས་ཞིང་ལས་ཀྱི་ཕྱོགས་སུ་རྫོང་ཡོངས་སུ་ཞིང་ལས་འཕྲུལ་ཆས་ཞབས་ཞུ་རུ་ཁག་དང་ཞིང་ཕྱུགས་ལས་ཐོན་སྐྱེད་མཛུབ་སྟོན་རུ་ཁག་བཙུགས་ཏེ་རྨོ་འདེབས་ཁྱིམ་ཚང་ལ་ཞབས་ཞུ་སྒྲུབ་ནས་དཔྱིད་འདེབས་གྲ་སྒྲིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས། ནས་ཀྱི་རྒྱུད་བཟང་ས་བོན་དང་ཡུངས་མའི་རྒྱུད་བཟང་ས་བོན་ཏུན1000དང་ཞིང་སྨན་ཏུན2.5། ཡུངས་དཀར་ས་བོན་ཏུན5། ཡུག་པོ་ཏུན200ཉོས་པ་དང་། ཞིང་ལས་འཕྲུལ་ཆས12ཉོས་ནས་ས་བོན་དང་ལུད་སྨན། ཞིང་སྨན། ཞིང་ལས་འཕྲུལ་ཆས་སོགས་ཀྱི་ཞིང་ལས་རྒྱུ་ཆ་དབོར་འདྲེན་དང་བགོ་སྤྲོད། དོ་དམ་བཅས་ཀྱི་བྱ་བར་ཁག་ཐེག་བྱས། རྒྱུད་བཟང་རྟེན་གཞི13བཙུགས་ཤིང་དེའི་ནང་ནས་ཀྱི་རྟེན་གཞི10དང་བསྡོམས་པས་མུའུ6500ཡོད། ཡུང་མའི་རྟེན་གཞི3དང་མུའུ300ཡོད། གནོད་ཕྱིའི་བསྐྱར་འཛུགས་ཀྱི་ཉི་འོད་ནུས་པའི་དྲོད་ཁང་གི་འདེབས་འཛུགས་དང་ལྟ་སྐྱོང་ལ་གཙིགས་འཛིན་བྱས་ཏེ། ཚན་རྩལ་གྱིས་དམངས་ཕྱུག་པོར་བསྒྱུར་བའི་ལས་གཞི་དང་ཉི་འོད་བཟོ་འགོད་སོགས་ལ་བརྟེན་ནས་སྔར་ལས་མང་བའི་འདེབས་འཛུགས་ཁྱིམ་ཚང་དང་འགན་ལེན་ཁྱིམ་ཚང་ལ་སྔོ་ཚལ་འདེབས་འཛུགས་ལག་རྩལ་བྱང་ཆུབ་པར་བཏང་སྟེ། ཚོད་སླེ་བཟོ་འགོད་བརྟན་བརླིང་ངང་སྤེལ་བར་སྐུལ་འདེད་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག