མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཏུའུ་ལན་རྫོང་གི་སྐབས་དང་པོའི“མི་རིགས་མཐུན་སྒྲིལ་གསར་འཛུགས”རྟགས་མའི་རྟ་རྒྱུག་འགྲན་ཚོགས་འགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-29 11:02

ཟླ7པའི་ཚེས25ཉིན། མཚོ་སྔོན་ཏུའུ་ལན་རྫོང་གི་སྐབས་དང་པོའི“མི་རིགས་མཐུན་སྒྲིལ་གསར་འཛུགས”རྟགས་མའི་རྟ་རྒྱུག་འགྲན་ཚོགས་འགོ་བརྩམས་པ་དང་། ཏུའུ་ལན་རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲང་ཅི་ཡོན་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་ཡོད།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གིས་སྐབས་དང་པོའི“མི་རིགས་མཐུན་སྒྲིལ་གསར་འཛུགས”རྟགས་མའི་རྟ་རྒྱུག་འགྲན་ཚོགས་བསྡུས། རྟ་རྒྱུག་འགྲན་ཚོགས་སྟེང་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་དང་མཐའ་འཁོར་རྫོང་ཁུལ་ནས་ཡོང་བའི་རྟ་རྒྱུག་པ111འགྲན་བསྡུར་ལ་ཞུགས་ཏེ་མང་ཚོགས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་བྱ་འགུལ་ཞིག་མིག་གི་དགའ་སྟོན་ཏུ་ཕུལ།

    ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་ནི་དུས་ཡུན་ཉིན་གཉིས་ཡིན་པ་དང་། རྟ་རྒྱུག་འགྲན་བསྡུར་ལས་གཞན་སྐོར་བྲོ་དགོང་ཚོགས་དང་གློག་བརྙན་སྟོན་པའི་བྱ་འགུལ་སྤེལ་ལ། དེས་ས་ཁུལ་གཞན་པའི་གནས་སྐོར་བ་མི་ཉུང་བ་ཞིག་ཚུར་བཀུགས་ཡོད་པས། རྟ་རྒྱུག་འགྲན་ཚོགས་དེ་ཏུའུ་ལན་རྫོང་གི་དབྱར་ཁའི་དགའ་སྟོན་ཞིག་ཏུ་གྱུར་ཡོད།  །

ཟླ7པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་གི་སྐབས་དང་པོའི“མི་རིགས་མཐུན་སྒྲིལ་གསར་འཛུགས”རྟགས་མའི་རྟ་རྒྱུག་འགྲན་ཚོགས་སྟེང་འགྲན་ཞུགས་པ་རྣམས་ཀྱིས་རྟ་རྒྱུག་བྱེད་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག