མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གསུམ་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:48

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཀྲུང་དབྱང་གིས་གཅིག་གྱུར་བཀོད་སྒྲིག་ལྟར། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གསུམ་པ་ཉེ་ལམ་མཚོ་སྔོན་དུ་བསྡད་ནས་སྐོར་ཞིབ་བྱ་བ་སྤེལ། ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གསུམ་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་སྐུལ་སློང་གཏམ་བཤད་སྤེལ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གསུམ་པའི་ཚན་གཙོ་མཱ་ཐའེ་ཧྲན་གྱིས་ཅུང་མི་འགོར་བར་སྤེལ་རྒྱུ་ཡིན་པའི་སྐོར་ཞིབ་བྱ་བའི་ཐད་ནས་གཏམ་བཤད་སྤེལ། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་གཞོགས་འདེགས་བྱས་ནས་སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རེ་བ་བཏོན།

    ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གསུམ་པའི་ཚན་གཙོ་གཞོན་པ་གོ་ལེན་དང་སྐོར་ཞིབ་ཚན་ཆུང་ཁོངས་མི་ཡོངས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་ཚོགས་འདུར་ཞུགས། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་བཅས་ཚོགས་འདུར་ཟུར་ཞུགས་བྱས།

    མཱ་ཐའེ་ཧྲན་གྱིས། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཧ་ཅང་ཛ་དྲག་ཆེ་བ་དང་། ནན་ཏན་གྱིས་ཏང་བཅོས་སྐྱོང་བྱེད་པའི་ལས་འགན་ཧ་ཅང་ལྗིད་བས། ལྷོད་གཡེང་ཅུང་ཙམ་ཡང་བྱེད་མི་རུང་ལ། སྐོར་ཞིབ་བྱ་བ་སྤེལ་སྐབས་བློ་ཐག་རྦད་བཅད་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་གཙོ་བོ་དམ་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་བཞིའི་བྱེད་ཕྱོགས་ལག་བསྟར་བྱེད་པ། གནད་དོན་འཚོལ་བ་དང་གཟི་བྱིན་ཆགས་པར་བྱེད་པ་བཅས་བྱས་ནས། རུལ་སུངས་རྒྱ་ཡན་དུ་འགྲོ་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ཞེས་ནན་གྱིས་བསྟན།

    མཱ་ཐའེ་ཧྲན་གྱིས་བསྟན་དོན། ཀྲུང་དབྱང་གིས་བཀོད་སྒྲིག་དང་རེ་བ་ལྟར་དུ། སྐོར་ཞིབ་བྱ་བ་དེ་ཕྱོགས་བཞིར་དམིགས་ནས། གཙོ་བོར་མགོ་ཁྲིད་ཚན་ཁག་དང་ཁོངས་མི། ཁྱད་པར་དུ་འགན་ཁུར་མི་སྣ་གཙོ་བོའི་གཤམ་གྱི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས་ཏེ། གཅིག ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་ཐད་དང་། གཉིས། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ལག་བསྟར་དང་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་པའི་ཐད། གསུམ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ནན་མོ་དང་གསལ་བོ་བྱེད་པའི་ཐད། བཞི། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་དང་ལས་བྱེད་པ་འདེམས་བསྐོའི་ཐད་བཅས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས་ཟེར།

    ལོ་ཧོས་ཉིན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་གཏམ་བཤད་སྐབས་བསྟན་དོན། སྐོར་ཞིབ་ལམ་ལུགས་འཛུགས་པ་དང་སྐོར་ཞིབ་བྱ་བ་སྤེལ་རྒྱུ་ནི། ཏང་གིས་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་དང་ལེགས་བསྒྱུར་བྱས་ནས། ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་གཙོ་བོ་དང་ལམ་ལུགས་གསར་སྐྲུན་བྱེད་པ་དེ་ཡིན་ལ། སྐོར་ཞིབ་བྱ་བ་བཟང་བོར་སྤེལ་དགོས་ན། གཅིག བསམ་བློའི་གོ་རྟོགས་སྔར་ལས་ཇེ་མཐོར་གཏོང་བ་དང་། གཉིས། བྱ་བའི་ཐད་ཀྱི་རྣམ་འགྱུར་འཛིན་སྟངས་ཇེ་དྲང་དུ་གཏོང་བ། གསུམ། སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།

    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་མག་ཁྲིད་ཚན་ཁག་གིས་ཐེངས་འདིའི་སྐོར་ཞིབ་དེ་གོ་སྐབས་སུ་བརྩིས་ནས། མགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་ཐད་ཀྱི་གཏན་ཁེལ་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པར་སྣེ་ཁྲིད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མིག་དཔེ་བྱེད་དགོས། ཏང་ཡོན་དང་མགོ་ཁྲིད་ལས་བྱེད་པས་གཞོགས་འདེགས་བྱས་ནས་སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་པ་དང་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོ་སྣ་ཚོགས་ལ་སྐུལ་འདེད་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། ཤུགས་ཆེན་པོས་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་ཁྱད་པར་བ་ལྔ་དར་སྤེལ་བྱེད་པ་དང་། སྐོར་ཞིབ་བྱ་བའི་གྲུབ་འབྲས་ཀྱིས་སྟོབས་ཤུགས་གཙོ་བོ་གོང་བུར་བསྒྲིལ་བ། མཐུན་སྒྲིལ་སྒོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་དཀའ་ཁལ་ཁྱད་སེལ་བྱེད་པར་སྣེ་ཁྲིད་བྱེད་པ་བཅས་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་ལོ་ཧྲིལ་བོའི་བྱ་བའི་ལས་འགན་གྱི་སྔོན་དཔོག་དམིགས་འབེན་ཡོངས་འགྲུབ་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

    སྐུལ་སློང་ཚོགས་འདུ་གྲོལ་རྗེས། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་ཞིང་ཆེན་ཏང་ཨུས་བྱ་བའི་སྙན་ཞུ་ལ་ཉན།

    ཤེས་གསལ་ལྟར་ན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་དུ་ཟླ་གཉིས་རིང་ལ་བྱ་བ་བསྒྲུབ་རྒྱུ་ཡིན་ལ། སྐོར་ཞིབ་བྱེད་སྐབས་ཆེད་དུ་ལས་སྒྲུབ་ཁ་པར་འཛུགས་རྒྱུ་ཡིན་པ་དང་། ཁ་པར་ཨང་གྲངས། 0971-6180826དང6180827དང་། སྦྲགས་སྲིད་ཡིག་སྒམ:ཟི་ལིང་གྲོང་ཁྱེར126ཡིག་སྒམ་ཡིན། སྐོར་ཞིབ་ཚན་ཆུང་གིས་ཉིན་རེའི་ཁ་པར་དང་ལེན་བྱེད་པའི་དུས་ཚོད་ནི་སྔ་མོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུ་ནས་དགོང་མོའི་དུས་ཚོད་བརྒྱད་བར་ཡིན། ཀྲུང་དབྱང་གིས་རེ་བ་དང་སྐོར་ཞིབ་བྱ་བའི་འགན་ནུས་ལྟར་དུ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། རིམ་པ་འོག་མའི་མགོ་ཁྲིད་ཚན་ཁག་གི་འགན་ཁུར་མི་སྣ་གཙོ་བོ་བཅས་དང་འབྲེལ་བའི་གནད་དོན་ཐད་ཀྱི་འཕྲིན་ཡིག་དང་ཁ་པར། ཞུ་གཏུག་བཅས་ལ་དང་ལེན་དང་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། གཙོ་བོར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ཀུན་སྤྱོད་འཛུགས་སྐྲུན། ཆབ་སྲིད་སྒྲིག་ཁྲིམས་ལག་བསྟར་དང་ལས་བྱེད་པ་འདེམས་བསྐོ་བྱེད་པའི་ཕྱོགས་ཀྱི་ཞུ་གཏུག་དང་བསམ་འཆར་དང་ལེན་ཐག་གཅོད་བྱེད་རྒྱུ་རེད། སྐོར་ཞིབ་ཐག་གཅོད་ཁྱབ་ཁོངས་ཁྲོད་མི་འདུ་བའི་འཕྲིན་བཅར་གནད་དོན་གཏན་ཁེལ་ལྟར་མཚོ་སྔོན་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཁག་གིས་ཐག་གཅོད་བྱེད་རྒྱུ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག