མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་ཧི་རྫོང་གིས་སྐབས་དང་པོའི“ལྷ་མཚོ”རྟགས་མའི་རྟ་རྒྱུག་དུས་ཆེན་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-30 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། སྔོ་ལྗང་གི་མཚོ་སྔོན་པོའི་འགྲམ་ངོགས་སུ། གཞི་ཁྱོན་ཆེ་བའི་རྟ་རྒྱུག་འགྲན་ཚོགས་ཤིག་བསྡུས་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་གི་རིགས་སོ་སོའི་རོང་འབྲོག་མང་ཚོགས་མཉམ་དུ་འཛོམས་ནས་གུང་ཧི་རྫོང་གི་སྐབས་དང་པོའི“ལྷ་མཚོ”རྟགས་མའི་རྟ་རྒྱུག་དུས་ཆེན་དང་རྒྱུད་བཟང་ཕྱུགས་ཟོག་དཔྱད་འདེམས་ཚོགས་ཆེན་ལ་ཞུགས་ཡོད། ཐེངས་འདིའི་རྟ་རྒྱུག་དུས་ཆེན་གྱིས“འཆམ་མཐུན་དང་སྒོ་འབྱེད། རྒྱུད་འཛིན། སྲུང་སྐྱོང”བཅས་བརྗོད་དོན་དུ་བཟུང་ཡོད། དུས་ཡུན་ཉིན་གཉིས་རིང་། རྟ་རྒྱུག་དུས་ཆེན་དེ་གུང་ཧི་རྫོང་གི་ཐང་དཀར་མོ་གྲོང་རྡལ་བྲག་དཀར་སྡེ་བ་ནས་བསྡུས། ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་ལ་གོམ་རྩལ་དང་མགྱོགས་ཚད་འགྲན་བསྡུར་ལས་གཞན། ད་རུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཡག་རྒྱུག་དང་ཐག་འཐེན། ཤེད་འགྲན་པ། རྒྱུད་བཟང་ཕྱུགས་ཟོག་དཔྱད་བསྡུར། ལ་གཞས་འགྲན་འགྲན་བསྡུར་སོགས་ཡོད།

རྒྱུས་ལོན་པ་ལྟར་ན། གུང་ཧི་རྫོང་ལ་རྟ་རྒྱུག་འགྲན་བསྡུར་གྱི་ལོ་རྒྱུས་ཡུན་རིང་བ་དང་། འབྲོག་པ་མང་ཚོགས་བར་ཕན་ཚུན་འབྲེལ་འདྲིས་བྱེད་པའི་དུས་ཆེན་ཞིག་ཀྱང་ཡིན་པས། རྟ་རྒྱུག་དུས་ཆེན་གྱིས་མི་རིགས་སྲོལ་རྒྱུན་གྱི་དུས་ཆེན་བྱ་འགུལ་རྣམ་པར་བརྟེན་ནས་རོང་འབྲོག་པ་མང་ཚོགས་ཀྱི་བསམ་པའི་འཚོ་བའི་རིག་གནས་ཕུན་སུམ་ཚོགས་པར་བཏང་ཞིང་། མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་གཏོང་བ། ས་གནས་གནས་སྐོར་དཔལ་འབྱོར་འཕེལ་རྒྱས་བཅས་ལ་བྱེད་ནུས་གལ་ཆེན་ཐོན་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག