མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལིག་ཀྲི་ཆང་གིས་སྤྱི་བདེ་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་བྱས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་གྱི་བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་ཞིང་ཆེན་སྤྱི་བདེ་ཐིན་ཉེན་སྲུང་ཅུའུ་ཉེན་སྲུང་རུ་ཁག་དང་། ཞིང་ཆེན་སྤྱི་བདེ་མཐའ་སྲུང་སྤྱིའི་རུ་ཁག ཟི་ལིང་གྲོང་ཁྱེར་སྤྱི་བདེ་མེ་གསོད་ཡན་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་བཅས་སུ་སོང་ནས་ད་ལྟ་དམག་སྐུལ་དང་ལེན་བྱེད་བཞིན་པའི་སྤྱི་བདེ་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་བྱས། ཁོས་རྒྱ་ཆེའི་དཔོན་དམག་ཚོས་ཏང་དང་མི་དམངས་ཀྱིས་ཕུལ་བའི་གཟི་བརྗིད་ལས་འགན་དང་འགན་ཁུར་ལྕི་མོ་ཕྲག་ཏུ་བླངས་ནས། ཏང་དང་མི་དམངས་ལ་བློ་སེམས་དཀར་བའི་སྐུ་སྲུང་པ་བྱེད་པར་སྐུལ་སློང་བྱས།

འཚམས་འདྲི་བྱེད་སྐབས། ལིག་ཀྲི་ཆང་གིས་དཔོན་དམག་ཚོའི་འཚོ་བ་དང་བྱ་བ་སོགས་ཐད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཞིབ་མོ་བྱས་པ་མ་ཟད། དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་བླ་མེད་ཀྱི་གུས་འདུད་ཞུས། ལས་ཁུངས་སོ་སོའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས། ལིག་ཀྲི་ཆང་གི་བསྟན་དོན། སྤྱི་བདེ་མཐའ་སྲུང་དང་མེ་གསོད་རུ་ཁག ཉེན་སྲུང་རུ་ཁག་གསུམ་པོ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་དམག་དཔུང་གི་གྲུབ་ཆ་གཙོ་བོ་ཡིན་པའི་ཆ་ནས། དམངས་གཅེས་མཐའ་སྲུང་འཐབ་ཇུས་དང་། ཧུར་ཐག་གིས་དེང་རབས་ཅན་གྱི་སྤྱི་བདེ་མེ་གསོད་དམག་དཔུང་འཛུགས་སྐྲུན་བྱེད་པ། དུས་སྐབས་གསར་བའི་ཉེན་སྲུང་བྱ་བའི་ཐད་ཀྱི་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བའི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་དེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བསྐྲུན་ཡོད་པ་མ་ཟད། ད་ལྟ་དམག་སྐུལ་དང་ལེན་བྱེད་བཞིན་པའི་དམག་དཔུང་གི་བསམ་པའི་སྙིང་སྟོབས་དང་འཐབ་འཛིང་གི་གཟི་ཉམས་མངོན་པར་མཚོན་ཡོད་ལ། དམག་དཔུང་དེ་ནི་ཆབ་སྲིད་ཀྱི་འདུ་ཤེས་བརྟན་ཞིང་བློ་སེམས་དཀར་བ་དང་། སྒྲིག་ཁྲིམས་དམ་ཞིང་ཀུན་སྤྱོད་བཟང་བའི་དཔུང་སྡེ་ཞིག་དང་། འཐབ་འཛིང་བྱེད་ཐུབ་པ་དང་འཐབ་འཛིང་ལ་མཁས་པ། རྒྱལ་ཁ་ལེན་ཐུབ་པའི་དཔུང་སྡེ་ཞིག་ཡིན་པ་ཤེས་ཐུབ་ཟེར། ཁོས་ད་དུང་ཞིང་ཆེན་ཡོངས་ཀྱི་ད་ལྟ་དམག་སྐུལ་དང་ལེན་བྱེད་བཞིན་པའི་སྤྱི་བདེ་དཔོན་དམག་ཡོངས་ཀྱིས་མི་དམངས་དམག་དཔུང་གི་གོམས་སྲོལ་བཟང་པོ་རྒྱུད་འཛིན་དང་དར་སྤེལ་བྱེད་པ་དང་། གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྐབས་ཀྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག