མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རུང་གིས་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ལ་སྔར་ལས་ཤུགས་སྣོན་དགོས་པའི་རེ་འདུན་བཏོན།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱ་བའི་མཐུན་སྦྱོར་ཚན་ཁག་གི་ཚན་གཙོ་ཀྲང་ཀོང་རུང་གིས་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་མཐུན་སྦྱོར་ཚན་ཁག་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། འབྲེལ་ཡོད་ལས་ཁུངས་དང་ལས་བྱེད་མི་སྣ་ཁག་གིས་ཡིད་རྟོན་འགྱུར་མེད་དང་ཐུན་མོང་གི་སྟོབས་ཤུགས་གཅིག་སྒྲིལ། ངོས་ཟིན་ཡང་དག་ཡོད་པ་བཅས་སྔོན་འགྲོར་བཟུང་ཐོག མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་གནས་ཚུལ་དང་དཀའ་གནད་ལ་རྒྱུས་ལོན་བྱེད་པར་འབད་དེ། ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བ་ཟབ་སྤེལ་བྱེད་དགོས་པའི་རེ་འདུན་བཏོན།

ཀྲང་ཀོང་རུང་གིས་བསྟན་དོན། ཀྲུང་དབྱང་གི་བཀོད་སྒྲིག་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། དུས་ཡུན་རིང་བོར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བ་སྤྱིའི་ཆ་ནས་བདེ་ལེགས་ངང་སྤེལ་གྱིན་ཡོད་པ་དང་། བྱ་བའི་མགོ་རྩོམ་སྟངས་ལེགས་པས། དེས་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བར་བཟང་ཕྱོགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད། དེང་སྐབས་ཀྲུང་དབྱང་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ཚོད་ལྟ་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བར་ངོས་ཟིན་ཡང་དག་ཡོད་པའི་རྨང་གཞིའི་སྟེང་དུ། བཅོས་སྒྱུར་ཚོད་ལྟའི་ཇུས་གཞིར་སེམས་ཞིབ་མོས་འཆར་འགོད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག