མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྐང་ཚ་རྫོང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་དཔེ་སྟོན་ལས་ཁུངས་སྐོར་གཉིས་པའི་ཁྲོད་དུ་རྐང་ཚ་རྫོང་ཡང་ཚུད་ཡོད་ལ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་ཉེར་བཞིའི་ཁྲོད་ཀྱི་གཅིག་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་གྱི་དཔེ་སྟོན་ལས་ཁུངས་སྐོར་གཉིས་པའི་ཁྲོད་ཀྱི་མཚོ་སྔོན་ས་ཆ་ནས་བདམས་ཐོན་བྱུང་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གཅིག་པུ་ཡང་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་རྒྱུ་གཏན་འཁེལ་བྱས་པ་ནས་བཟུང་། རྐང་ཚ་རྫོང་ནི་མཚོ་བྱང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་སྣེ་ཁྲིད་པ་ཡིན་པའི་ཆ་ནས་ཁུལ་ཏང་ཨུས་བཏོན་པའི་ལོ་གཅིག་གི་ནང་དུ་རྨང་གཞི་འདིང་བ་དང་། ལོ་གཉིས་ཀྱི་ནང་དུ་མིག་དཔེ་སྟོན་པ། ལོ་ལྔའི་ནང་དུ་ཆུ་ཚད་མཐོར་འདེགས་བྱེད་པའི་བྱ་བའི་དམིགས་འབེན་ལྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དེ་རྫོང་ཡོངས་ཀྱི་བྱ་བ་སྣ་ཚོགས་ཀྱི་བྱེད་ཐབས་ཤིག་ཏུ་བརྩིས་ཏེ། དཔལ་འབྱོར་ཁུལ་ཆེན་པོ་གསུམ་འཛུགས་སྐྲུན་བྱས་ནས། སྟོབས་ཤུགས་ཡོད་རྒུས་གསར་འཛུགས་བྱ་འགུལ་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབས་པར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག