མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་ཚོང་དོན་འཁོར་རྒྱུག་གནས་བབ་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་བསྡུས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལོ་སྟོད་ཀྱི་ཚོང་དོན་འཁོར་རྒྱུག་གནས་བབ་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་བསྡུས་ཏེ། ལོ་སྟོད་ཀྱི་ཚོང་དོན་འཁོར་རྒྱུག་གནས་ཚུལ་བསྒྲགས་པ་དང་། རྗེས་ཕྱོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཞའོ་ཡིས་བཤད་རྒྱུར། ལོ་སྟོད་ཀྱི་ཚོང་དོན་འཁོར་རྒྱུག་བྱ་བའི་འཕེལ་རིམ་བདེ་ལེགས་ཡིན་པ་དང་། བཅོས་སྒྱུར་ཟབ་སྤེལ་གྱི་བྱེད་ཐབས་སྟོབས་དང་ལྡན་ལ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོང་འཕེལ་ལ་དགའ་འོས་ཤིང་། མིང་གྲགས་ཚོང་རྫས་གཉེར་བའི་བྱ་བ་རྒྱུན་མ་ཆད་པར་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་། སྲིད་ཇུས་ཀྱི་འདེགས་སྐྱོར་ཕན་འབྲས་མངོན་གསལ་ཡིན་ནའང་། ད་དུང་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཡང་མི་ཉུང་བ་ཞིག་སྔར་བཞིན་གནས་ཡོད་པས། ཚོང་དོན་སྡེ་ཁག་གིས་ཆེ་ཕྱོགས་དཔལ་འབྱོར་གྱི་གནས་བབ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ། ཚོང་དོན་བྱ་བའི་གནས་ཚུལ་ཟབ་མོ་བཅས་ཁོང་དུ་ཆུད་པར་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་གྱི་འགྲོས་དལ་བའི་དབང་གིས་སྲོལ་རྒྱུན་གྱི་ཚོང་རྫས་གལ་ཆེན་ཕྱིར་གཏོང་བྱེད་པར་བར་ཆད་བྱེད་པ་དང་། ཆེ་ཕྱོགས་དཔལ་འབྱོར་གྱི་རྙོག་འཛིང་རང་བཞིན་གྱིས་འཛད་སྤྱོད་པའི་དགོས་མཁོ་ལ་བར་ཆད་བྱེད་པ། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཁ་ཤས་ཀྱི་ཚོང་གཉེར་དཀའ་ཁག་གིས་མ་བཅོས་རྒྱུ་ཆ་ནང་འདྲེན་བྱེད་པའི་དགོས་མཁོར་བར་ཆད་བྱེད་པ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་དང་དེ་ཐག་གཅོད་ནན་མོ་བྱེད་དགོས་ཏེ། གཅིག ཡིད་ཆེས་དང་ཆོད་སེམས་ཇེ་དྲག་ཏུ་གཏོང་དགོས། གཉིས། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས། གསུམ། བཅོས་སྒྱུར་དང་གསར་སྐྲུན་རྒྱུན་འཁྱོངས་བྱེད་དགོས། བཞི། བྱ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག