མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་གཙོ་བོ་ཕྱོགས་བདུན་གྱི་ཐད་ནས་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-31 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2012ལོའི་རྒྱལ་ཡོངས་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་ཆུ་ཚད་བརྟག་བཤེར་ཚད་ལེན་མཇུག་འབྲས་ལས་མངོན་པ་ལྟར་ན། རང་རྒྱལ་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་ཆུ་ཚད་ནི8.8ཡིན་པ་དང་། མཚོ་སྔོན་གྱི་ཆུ་ཚད་ནི2.72ཡིན་པས་ཆུ་ཚད་ཅུང་དམའ་བ་ཡིན། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། བདེ་ཐང་བྱང་ཚད་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཡུན་ཕན་ལམ་ལུགས་འཛུགས་སྐྲུན་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ཀྱིས《མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་འཆར་གཞི(2014ལོ་ནས2020ལོའི་བར)》ཁྱབ་བསྒྲགས་བྱས།

འཆར་གཞི་འདི་ལ་གཞིགས་ན། མཚོ་སྔོན་གྱིས་ཕྱོགས་བདུན་གྱི་ཐད་ནས་སྤྱི་དམངས་ཀྱི་བདེ་ཐང་བྱང་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཡིན་པ་སྟེ། རྣམ་པ་མང་པོ་དང་ཕྱོགས་མང་པོ་ནས་མང་ཚོགས་ལ་བདེ་ཐང་བྱང་ཚད་ཀྱི་གཞི་རྩའི་ཤེས་བྱ་དང་གཞི་རྩའི་ནུས་རྩལ་བརྒྱུད་སྒྲོག་ཁྱབ་གདལ་དུ་བཏང་ནས་དམངས་ཡོངས་ཀྱི་ཚན་རིག་གི་བདེ་ཐང་ལྟ་བ་མཐོར་འདེགས་སུ་གཏོང་བ་དང་། འོས་འཚམ་གྱིས་སྨན་བཀོལ་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བསྟེན་པའི་ཤེས་བྱ་བརྒྱུད་སྒྲོག་ཁྱབ་གདལ་དུ་བཏང་ནས་དམངས་ཡོངས་ཀྱིས་སྨན་བཅོས་དང་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་དང་བེད་སྤྱོད་པའི་བྱང་ཚད་མཐོར་འདེགས་སུ་གཏོང་བ། འཚོ་བའི་རྣམ་པ་དང་བྱ་འགུལ་ཚོད་འཛིན་ལ་ཤུགས་བསྣན་ཏེ་གཅོང་ནད་སྔོན་འགོག་གི་ནུས་མཐོར་འདེགས་སུ་གཏོང་བ། ཁྲིམས་ལྟར་འགོས་ནད་སྔོན་འགོག་གི་བདེ་ཐང་སློབ་གསོ་ལ་ཤུགས་བསྣན་ཏེ་འགོས་ནད་དང་ས་གནས་ནད་རིགས་སྔོན་འགོག་ནུས་པ་མཐོར་འདེགས་སུ་གཏོང་བ། མ་བུ་བདེ་སྲུང་དང་ཉུང་སྐྱེས་ལེགས་གསོ། སྐྱེ་འཕེལ་བདེ་ཐང་ཤེས་བྱ་དང་ནུས་རྩལ་ཁྱབ་གདལ་དུ་བཏང་ནས་མ་བུ་བདེ་ཐང་མཐོར་འདེགས་སུ་གཏོང་བ། ཀྲུང་བོད་སོག་ལུགས་ཀྱི་གསོ་རིག་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་བཏང་སྟེ་ཀྲུང་བོད་སོག་རིགས་ཀྱི་གསོ་རིག་གི་ལུས་ཁམས་བདེ་སྲུང་མཐོར་འདེགས་སུ་གཏོང་བ། ཕྱོགས་ཡོངས་ནས་དུ་བ་འཐེན་པ་འགོག་པའི་བྱ་འགུལ་ཁྱབ་སྤེལ་དུ་བཏང་ནས་མང་ཚོགས་ཀྱི་དུ་བའི་གནོད་སྐྱོན་ངོས་འཛིན་ཤེས་བྱ་མཐོར་འདེགས་སུ་གཏོང་རྒྱུ་བཅས་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག