མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་བ་གཉིས་ཀྱི་གྲོས་མོལ་བགྲོ་གླེང་ཚོགས་འདུ་བསྡུས་ནས་མུའུ་སི་ལིན་ཟས་རིགས་ཐོན་སྐྱེད་བདག་གཉེར་དང་ཚད་གཞིའི་གནད་དོན་སྐོར་ལ་གྲོས་མོལ་བྱས།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-31 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་བ་གཉིས་ཀྱི་གྲོས་མོལ་བགྲོ་གླེང་ཚོགས་འདུ་བསྡུས་པ་དང་། ཚོགས་ཐོག་ནས་མུའུ་སི་ལིན་གྱི་ཟས་རིགས་ཐོན་སྐྱེད་བདག་གཉེར་དང་ཚད་གཞིའི་གནད་དོན་ཐད་ནས་བཞུགས་མོལ་བརྗེ་རེས་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས།

ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་རིན་ཆེན་རྣམ་རྒྱལ། མཱ་ཁྲང་ཆིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་སོགས་ཀྱི་འགན་འཁུར་པ་དང་། འབྲེལ་ཡོད་ཆེད་མཁས་པ་དང་རིག་གནས་པ། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ཁ་ཤས་བཅས་ཚོགས་འདུར་ཞུགས།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་པས་མཚོ་སྔོན་གྱི་མུའུ་སི་ལིན་གྱི་ཟས་རིགས་ཐོན་སྐྱེད་བདག་གཉེར་དོ་དམ་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་མུའུ་སི་ལིན་གྱི་ཟས་རིགས་བདེན་དཔང་མ་ལག་གི་འཛུགས་སྐྲུན་དང་ཟས་རིགས་ལམ་ལུགས་བཅོས་སྒྱུར་འཛུགས་སྐྲུན། ཐོན་སྐྱེད་བདག་གཉེར་དོ་དམ་སོགས་ཐད་ནས་བརྗེ་རེས་ཟབ་མོ་བྱས།

རིན་ཆེན་རྒྱལ་གྱིས་བཤད་རྒྱུར། མུའུ་སི་ལིན་གྱི་ཟས་རིགས་ཐོན་ལས་ནི་དམངས་ཕན་གྱི་བཟོ་སྐྲུན་ཆེན་པོ་ཞིག་ཡིན་ལ། ཚོགས་འདུར་ཞུགས་པའི་མི་རྣམས་ཀྱིས་མུའུ་སི་ལིན་གྱི་ཟས་རིགས་ཐོན་སྐྱེད་སྔར་ལས་བཟང་པོར་སྤེལ་བར་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་སོང་། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་བསམ་འཆར་དང་གྲོས་གཞི་དེ་དག་ལེགས་སྒྲིག་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ལ་ཡར་ཞུ་བྱེད་དགོས། སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་རྣམ་པ་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་ཐོན་ལས་འདི་ལ་མུ་མཐུད་དུ་དོ་སྣང་བྱས་ཏེ། བློ་འདོན་ཇུས་འབུལ་བཟང་པོ་བྱས་ནས། མཚོ་སྔོན་གྱི་མུའུ་སི་ལིན་ཟས་རིགས་ཐོན་ལས་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག