མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་རྒྱལ་ཡོངས་དཔའ་ངར་འཛད་མེད་ཀྱི་མཚན་སྙན་ཐོབ་པའི་མཚོ་སྔོན་གྱི་འཐུས་མིར་ཐུག་འཕྲད་བྱས།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-31 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་གིས་པེ་ཅིན་ནས་རྒྱལ་ཁའི་ངང་ཕྱིར་ལོག་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔའ་ངར་འཛད་མེད་ཀྱི་དཔེ་ལེགས་ཅན་ཡེ་མེན་ལུའུ་ལ་ཐུག་འཕྲད་བྱས། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་དཔའ་ངར་འཛད་མེད་ཐེབས་རྩ་ཚོགས་པའི་མགོ་ཁྲིད་པས་ཀྱང་ཐུག་འཕྲད་བྱས། ཀྲང་ཅན་མེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་དཔའ་ངར་འཛད་མེད་ཀྱི་དཔེ་ལེགས་མཚན་སྙན་ཐོབ་མཁན་ལ་རྟེན་འབྲེལ་དང་བཀའ་དྲིན་ཞུས་པ་མ་ཟད། ཁོ་ཚོར་མཚན་སྙན་ལ་གཅེས་སྤྲས་དང་མཚན་སྙན་སྲུང་འཛིན་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དཔེ་ལེགས་ཅན་གྱི་སྙིང་སྟོབས་དྲིལ་སྒྲོག་དང་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པ། དཔེ་ལེགས་ཅན་ལ་ཞབས་ཕྱི་བསྒྲུབ་ནས་རྒྱུན་ཆད་མེད་པར་དཔའ་ངར་འཛད་མེད་ཀྱི་སྙིང་སྟོབས་དར་སྤེལ་དུ་བཏང་སྟེ་སྤྱི་ཚོགས་སྟོབས་ལྡན་དུ་གཏོང་བར་ནུས་པ་འདོན་དགོས་པའི་རེ་བ་བཏོན།

ཀྲང་ཀོང་རོང་གིས་བཤད་རྒྱུར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཀྱི་དཔའ་ངར་འཛད་མེད་དཔའ་བོ་དཔེ་ལེགས་ཅན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཞོན་མེན་ཞང་དང་ཡེ་མེན་ལུའུ་གཉིས་ལ་རྒྱལ་ཡོངས་ཀྱི་དཔའ་ངར་འཛད་མེད་དཔེ་ལེགས་ཅན་གྱི་མཚན་སྙན་ཐོབ། དེ་ནི་མཚོ་སྔོན་མི་དམངས་ཀྱི་གཟི་བརྗིད་དང་ང་རྒྱལ་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱུན་ཆད་མེད་པར་དཔའ་ངར་འཛད་མེད་ཀྱི་བྱ་གཞག་དེར་དུས་རབས་ཀྱི་ནང་དོན་གསར་བར་བསྣན་ནས་འགན་ནུས་ལག་བསྟར་གང་ལེགས་བྱས་ཏེ་དཔའ་ངར་འཛད་མེད་ཀྱི་སྙིང་སྟོབས་ཀྱི་སྣེ་ཁྲིད་པ་བྱས་ནས་བྱ་བ་དེ་དར་སྤེལ་དུ་གཏོང་དགོས། དཔའ་བོའི་མཛད་རྗེས་ཀྱིས་གླེང་ཕྱོགས་ལ་ཁྲིད་སྟོན་དང་མི་སེམས་ལ་ཡར་སྐུལ། སྟོབས་ཤུགས་གཅིག་བསྡུ་བཅས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་ལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག