མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྩྭ་སའི་སྟེང་གི་བྱི་ལོང་འབུམ་བཞི་དང་ཁྲི་གསུམ་སྟོང་བཞི་དགུ་བརྒྱ་རེ་དྲུག་བསད།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-31 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། «མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་དུས་སྐབས་གཉིས་པའི་བཟོ་སྐྲུན་ཏེ2013ལོའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཀྱི་གནོད་སྐྱོན་སྔོན་འགོག་བྱེད་པའི་ལས་གཞི་ལག་བསྟར་བྱེད་པའི་ཇུས་གཞི»ཡི་ཆོག་མཆན་ལྟར། 2013ལོར་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་རྨ་ལྷོ་ཁུལ་གྱིས་མཐོ་སྒང་གི་ས་མུའུ་ས་ཡ་བཞི་དང་འབུམ་གསུམ་ཁྲི་བརྒྱད་ལྷག་གི་སྟེང་དུ་བྱི་ལོང་གསོད་པའི་ལས་འགན་བགོས་ཏེ་མ་དངུལ་སྒོར་བྱེ་བ་གཉིས་དང་འབུམ་བརྒྱད་ཁྲི་གསུམ་ལྷག་བཏང་།

དེའི་ཁྲོད་དུ་ཧི་ནན་རྫོང་གིས་ས་མུའུ་ས་ཡ་གཅིག་དང་འབུམ་གཅིག་དང་། རྩེ་ཁོག་རྫོང་གིས་ས་མུའུ་ས་ཡ་གཅིག་དང་འབུམ་བདུན་ཁྲི་གཅིག་ལྷག ཐུན་རིན་རྫོང་གི་ས་མུའུ་ས་ཡ་གཅིག་དང་འབུམ་ལྔ། གཙན་ཚ་རྫོང་གིས་ས་མུའུ་ཁྲི་དྲུག་བཅས་ཀྱི་སྟེང་ནས་བྱི་ལོང་བསད། ཐེངས་འདིའི་བྱི་ལོང་གསོད་པའི་བྱ་བ་དེ2014ལོའི་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་འགོ་བརྩམས་ཏེ་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་མཇུག་རྫོགས། དོན་དངོས་ཀྱིས་ས་མུའུ་ས་ཡ་བཞི་དང་འབུམ་གསུམ་ཁྲི་བརྒྱད་ལྷག་གི་སྟེང་ནས་བྱི་ལོང་འབུམ་བཞི་དང་ཁྲི་གསུམ་སྟོང་བཞི་དགུ་བརྒྱ་རེ་དྲུག་བསད་པ་དང་། ལས་འགན་འགྲུབ་ཚད་བརྒྱ་ཆའི་བརྒྱར་བསླེབས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག