མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོའི་ས་གནས་ཁྲལ་དོན་ཅུའུ་ཡིས་བྱེད་ཐབས་སྤྱད་དེ་གནད་དོན་གཙོ་བོ་ཐག་གཅོད་བྱས།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-31 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ས་གནས་ཁྲལ་དོན་ཅུའུ་ཡིས་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གོ་རིམ་ཁྲོད་བྱ་བའི་མི་འདང་ས་ནས་འགོ་བརྩམས་ཤིང་། ཐབས་ཤེས་སྣ་མང་སྤྱད་དེ་གནད་དོན་གཙོ་བོ་ཐག་གཅོད་བྱས།

རྒྱུས་ལོན་བྱུང་བ་ལྟར། མཚོ་ལྷོ་ཁུལ་ས་གནས་ཁྲལ་དོན་ཅུའུ་ཡིས་ལས་གཞི་སོ་སོའི་བྱ་བའི་ཁྲོད་གནས་པའི་གནད་དོན་ནན་ཏན་སྒོས་རྟོག་ཞིབ་བྱས་ཏེ། ཕན་ནུས་ལྡན་པའི་ཐབས་ལམ་བཅོས་སྒྱུར་གཏན་འབེབས་བྱས་ཤིང་། སྟོབས་ཤུགས་ཡོད་རྒུས་བྱ་བ་ལག་བསྟར་བྱས་ཏེ། ལས་འགན་སོ་སོ་དང་ལེན་དང་འགན་དུ་ཁུར་ཏེ་ལོ་ཧྲིལ་པོའི་བྱ་བར་དབྱེ་ཞིབ་གཙང་བཤེར་བྱས་ཤིང་། རང་རང་གི་ལས་འགན་འོས་བགོས་བྱས་ཏེ། གཏན་ལ་ཕབ་པའི་དུས་ཚོད་ནང་དུ་ཡོངས་འགྲུབ་བྱེད་དགོས་པ་ཐག་བཅད། གཞན་ཡང་། སྟོབས་ཤུགས་ཡོད་རྒུས་ལྟ་ཞིབ་དང་ལྟ་སྐུལ་བྱས་ཏེ། ཞིབ་བཤེར་ལྟ་རྟོག་རྒྱུན་འཁྱོངས་བྱས་ནས་བྱ་བ་གཟབ་ནན་མིན་ས་གནད་སར་བཞག་ནས་ཁྲལ་འཇལ་མཁན་གྱི་དགོས་མཁོ་གཙོ་བོར་བཟུང་ནས་ཁྲལ་མཇལ་ཞབས་ཞུའི་དགོས་མཁོར་དབྱེ་ཞིབ་བྱས་པ་དང་། ཁྲལ་མཇལ་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ལ། ཆེས་ཆེ་བའི་ཁྲལ་འཇལ་གྱི་ཚད་གཞིར་སྟབས་བདེ་བསྐྲུན་ནས་བྱ་བའི་ཕན་འབྲས་མཐོར་འདེགས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག