མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ནུབ་བྱང་ཞིང་ལྗོངས་ལྔའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པས་མཉམ་འབྲེལ་གྲོས་ཚོགས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-31 11:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པས་འགན་སྒྲུབ་བྱས་པའི་ནུབ་བྱང་ཞིང་ལྗོངས་ལྔའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་མཉམ་འབྲེལ་གྲོས་ཚོགས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ཟི་ལིང་ནས་ཚོགས།

ཀྲུང་གོ་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པ་ནས་ཡོང་བའི་ཧྲན་ཞི་དང་ཀན་སུའུ། ཉིན་ཞ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་དང་མཚོ་སྔོན་བཅས་ཞིང་ཆེན་དང་ལྗོངས། དམག་དཔུང་བཅས་ཀྱི་འཐུས་མི་ཞེ་གཉིས་གྲོས་ཚོགས་ལ་ཞུགས། ཀྲུང་གོ་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ་སུའུ་ཞི་ཧྲིན་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་ཆོད་ཀྱི་ཀྲུའུ་རིན་གཞོན་པ་ཡའོ་ཞང་ཁྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས། ཆེད་མཁས་པ་ཚོས་ཁ་བྱང་ལ་བབ་བསྟུན་མདུན་བསྐྱོད་ཀྱིས་ཡན་ཨན་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དུས་སྐབས་གསར་བའི་ཡན་ཨན་སྙིང་སྟོབས་རྒྱུད་འཛིན་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་གཞིགས་སོགས་ཀྱི་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ་བ་མ་ཟད། གྲོས་བསྡུར་བྱས་ནས་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས་ལ་གྲོས་མཐུན་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག