མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་ཀྱི་སྡེ་བ་ཁྲི་དང་ཞང་སྟོང་ཞེས་པའི་ཁྲོམ་རའི་བཟོ་སྐྲུན་གྱིས་ཁྱིམ་ཚང་མང་པོར་ཕན་བཏགས།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་འདི་འགའི་རིང་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྟོབས་ཤུགས་ཡོད་རྒུས་སྡེ་བ་ཁྲི་དང་ཞང་སྟོང་ཞེས་པའི་ཁྲོམ་རའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཞིང་ཕན་ཞབས་ཞུའི་སྲིད་ཇུས་ལ་ཤུགས་བསྣན་པ་མ་ཟད། འཆར་གཞི་གཏན་འབེབས་བྱེད་པ་དང་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་པ་སོགས་རིགས་མི་འདྲ་བའི་ཐབས་ལམ་སྤྱད་དེ། ཞིང་སྡེའི་འཛད་སྤྱོད་ཁོར་ཡུག་འཐུས་ཚང་དུ་བཏང་བ་དང་། དེས་ཞིང་བ་ཁྲི་ཕྲག་ལ་ཕན་བཏགས།

མཚོ་ནུབ་ཁུལ་གྱིས་ཕན་འབྲས་ལྟེ་བར་བཟུང་ནས་སྡེ་བ་ཁྲི་དང་ཞང་སྟོང་ཞེས་པའི་ཁྲོམ་རའི་བཟོ་སྐྲུན་ལ་ཁེ་ཕན་ཐོབ་པར་བརྩོན་ལེན་བྱས་པ་དང་། མང་ཚོགས་ཁེ་ལས་ཀྱི་ནང་དུ་ཞུགས་འདོད་ཀྱི་སྤྲོ་བ་བསྐྱེད་ནས་ཁེ་ལས་དང་མང་ཚོགས་གཉི་ཀར་ཁེ་ཕན་ཐོབ་ཏུ་བཅུག མཚོ་ནུབ་ཁུལ་གྱིས་དེང་རབས་ཚོང་གཉེར་འདུ་ཤེས་དང་མཉམ་འབྲེལ་བདག་གཉེར་བྱེད་སྟངས་དེ་གྲོང་ཁྱེར་ནས་ཞང་དང་སྡེ་བར་ཁྱབ་གདལ་དུ་བཏང་སྟེ། གྲོང་ཁྱེར་གྱི་ཚོང་ཁང་གཙོ་གནད་ཡིན་ལ། ཞང་གྲོང་གི་ཚོང་ཁང་རྐང་འཛིན་ཡིན་ཞིང་། སྡེ་བའི་ཚོང་ཁང་རྨང་གཞི་ཡིན་པའི་རོང་འབྲོག་ཕྱོགས་ཀྱི་འཛད་སྤྱོད་དྲ་བ་བཙུགས་ནས། རོང་འབྲོག་ཕྱོགས་ཀྱི་ཚོང་རྫས་འཁོར་རྒྱུག་དྲ་བའི་གནས་ཚུལ་མངོན་གསལ་སྒོས་ལེགས་བཅོས་བྱེད་རྒྱུ་རེད། ད་སྔ། ཁུལ་ཡོངས་སུ་ཞང་རིམ་པའི་ཚོང་ཁང་བརྒྱ་དང་སུམ་ཅུ་དང་། སྡེ་བ་རིམ་པའི་ཚོང་ཁང་ལྔ་བརྒྱ་དང་གྱ་བདུན། སྡེབ་སྐྱེལ་ལྟེ་གནས་དགུ ཉོ་འཚོང་ལྟེ་གནས་བཞི་བཅས་བཙུགས་ཡོད་ལ། ཞང་དང་གྲོང་རྡལ་གྱི་ཚོང་ལས་ཉོ་འཚོང་ལྟེ་གནས་གཉིས་དང། སྡེ་བ་རིམ་པའི་ཐད་ཀར་ལས་གཉེར་ཞབས་ཞུའི་ལྟེ་གནས་སུམ་ཅུ་སོ་གཅིག སྡེབ་སྐྱེལ་ལྟེ་གནས་གཉིས་བཅས་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན།

སྡེ་བ་ཁྲི་དང་ཞང་སྟོང་ཞེས་པའི་ཁྲོམ་རའི་བཟོ་སྐྲུན་ལག་བསྟར་བྱས་པ་དེས་རོང་འབྲོག་ཕྱོགས་སུ་རྒྱུན་ལྡན་གྱི་ཚོང་ཁང་དང་། ཐད་འཚོང་ཁང་ཉུང་བ་དང་། དེས་དག་གི་རྒྱུ་སྤུས་ཞན་ལ་ཁོར་ཡུག་མི་ལེགས་པའི་རྣམ་པ་ལེགས་བཅོས་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཕན་ཁེ་བསྐྲུན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག