མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་ཤར་གྲོང་ཁྱེར་གྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར5བཏང་ནས་ཤང་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་མཚོ་ཤར་གྲོང་ཁྱེར་ལ་ཤང་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར4.98བཏང་བ་དང་། དེའི་ནང་གསར་དར་ཞིང་སྡེའི་མཉམ་ལས་སྨན་བཅོས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར4.72དང་གྲོང་རྡལ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར0.26ཡོད། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་སྡོད་དམངས་སྨན་བཅོས་འགན་སྲུང་གི་མི་རེའི་གྲོན་དངུལ་བསྡུ་བའི་ཚད་གཞི་ལོ་སྟོད་ལ་སྒོར470ཡི་རྨང་གཞིའི་སྟེང་གཅིག་གྱུར་སྒོས་སྒོར40ཇེ་མཐོར་བཏང་ནས་སྒོར510ལ་སླེབས་ཡོད། དེའི་ནང་ནོར་སྲིད་ཁ་གསབ་བྱེད་པ་སྒོར30དང་མི་སྒེར་གྱིས་སྒོར10སྤྲོད་དགོས། མ་དངུལ་འདི་དངོས་འབེབས་བྱས་པ་ཡིས་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་མི་ཁྲི128.6དང་གྲོང་རྡལ་སྡོད་དམངས་མི་ཁྲི9.23གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་ཐུབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག