མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་གཟབ་རྒྱས་ངང་འགོ་བརྩམས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-01 10:23

ཟླ7པའི་ཚེས31ཉིན། 2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་ཡུས་ཧྲུའུ་ཁུལ་ནས་འགོ་བརྩམས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས31ཉིན། 2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་གཟབ་རྒྱས་ངང་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཝང་ཞའོ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཚའོ་ཧུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞོན་ཧྲིན་སོགས་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་འགོ་ཁྲིད་རྣམས་འགོ་རྩོམ་མཛད་སྒོར་ཞུགས།

    ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་གསར་འཛུགས་བྱས་པའི་ཁྱད་ལྡན་ཐོན་ཁུངས་དང་མི་རིགས་ཁྱད་ཆོས་འབུར་ཐོན། མི་རིགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་བརྗོད་དོན་ཡིན་པའི་རྒྱལ་སྤྱིའི་རང་བཞིན་དང་ཆེད་ལས་རང་བཞིན་གྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ཚོགས་ཆེན་ཞིག་ཡིན། ཐེངས་འདིའི་འགྲེམ་སྟོན་བརྗེ་རེས་ཚོགས་འདུས་ཁྱད་ཆོས་དང་གཅིག་བསྡུ། གསར་སྐྲུན། འཕེལ་རྒྱས་དང་འཛམ་གླིང་གི་དབྱར་རྩྭ་དགུན་འབུ་ཀྲུང་གོར་ཡོད་པ་དང་ཀྲུང་གོའི་དབྱར་རྩྭ་དགུན་འབུ་མཚོ་སྔོན་དུ་ཡོད་པ་བརྗོད་དོན་དུ་བཟུང་ཡོད།

    ཐེངས་འདིའི་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་ལ་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་རྒྱལ་ཁབ་ཕྱི་ནང་གི་ཚོང་བའི་མཐུན་ཚོགས། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་ཚོང་དོན་སྡེ་ཁག་དང་འབྲེལ་ཡོད་ཁེ་ལས་ཀྱིས་རོགས་སྐྱོར་ཆེན་པོ་ཐོབ་ཡོད། རྒྱུས་ལོན་པ་ལྟར་ན། ནེ་པ་ལ་དང་སིང་ག་ཕོར་སོགས་རྒྱལ་ཁབ་དང་ས་ཁུལ4ཡི་སྐུ་མགྲོན་དང་ཚོང་བ2000དང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས350ཡུས་ཧྲུའུ་དུ་འགྲེམ་སྟོན་ལ་ཞུགས་ཡོད། རྒྱུས་ལོན་པ་ལྟར་ན། 2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་སྟོན་བརྗེ་རེས་ཚོགས་འདུའི་དམིགས་ཡུལ་ནི་འཛམ་གླིང་ལ་ཡུས་ཧྲུའ་བསྐྱར་འཛུགས་ཀྱི་གྲུབ་འབྲས་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་མངོན་པར་འགྲེམ་སྟོན་བྱས་ཏེ། འཛམ་གླིང་གི་དབྱར་རྩྭ་དགུན་འབུ་ཀྲུང་གོར་ཡོད་པ་དང་ཀྲུང་གོའི་དབྱར་རྩྭ་དགུན་འབུ་མཚོ་སྔོན་དུ་ཡོད་པ། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ཡུས་ཧྲུའུ་ཡོད་པའི་ཁྱད་ཆོས་འབུར་ཏུ་བཏོད་ནས། ཡུས་ཧྲུའུ་དེ་དབྱར་རྩྭ་དགུན་འབུའི་ཐོན་ཡུལ་ཡིན་པའི་ཐོན་ལས་ལེགས་ཆ་དང་ཆས་རྟགས་ཀྱི་ལེགས་ཆ་མངོན་པར་མཚོན་པ་དང་། འགྲེམ་སྟོན་བརྗེ་རེས་ཚོགས་འདུའི་སྟེགས་བུ་ལ་བརྟེན་ནས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་རོང་འབྲོག་པའི་ཡོང་སྒོ་འཕེལ་བ་མངོན་འགྱུར་བྱེད་པ། མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་སྤྱི་ཚོགས་བརྟན་བརླིང་ལ་སྐུལ་འདེད་བཏང་ཡོད།

    ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཝང་ཞའོ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཚའོ་ཧུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞོན་ཧྲིན། ཡུས་ཧྲུའུ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝིན་ཀའོ་ཏུང་བཅས་ཀྱིས་ཐུན་མོང་སྒོས་འགྲེམ་སྟོན་བརྗེ་རེས་ཚོགས་འདུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།  །

ཝང་ཞའོ་དང་ཚའོ་ཧུང་། ལིས་ཞོན་ཧྲིན། ཝིན་ཀའོ་ཏུང་བཅས་ཀྱིས་འགྲེམ་སྟོན་བརྗེ་རེས་ཚོགས་འདུའི་འགོ་བརྩམས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཝང་ཞའོ་སོགས་འགོ་ཁྲིད་དང་སྐུ་མགྲོན་རྣམས་ཀྱིས་ཡུས་ཧྲུའུ་དངོས་མང་བཤམ་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག