མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

པད་མ་རྫོང་གིས་སློབ་གསོའི་གཙོ་གནད་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ཏེ་ལོ་གསུམ་རིང་མ་དངུལ་སྒོར་དུང་ཕྱུར1.37བཏང་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་གསུམ་རིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.37བཏང་ནས་སྔ་རྗེས་སུ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་མལ་ཁང་བདེ་འཇགས་དང་ཚད་ལྡན་ཅན་གྱི་སློབ་གྲྭ་ཆུང་འབྲིང་འཛུགས་སྐྲུན། ཧྲང་ཧེ་ཡིས་ཁ་གཏད་རོགས་སྐྱོར་བྱེད་པ། སློབ་ཞུགས་སྔོན་གྱི་སློབ་གསོའི་བཟོ་འགོད་སོགས་ལས་གཞི་སྐོར་ཞིག་ལག་བསྟར་བྱས་པས་རྫོང་ཡོངས་ཀྱི་སློབ་གསོ་སློབ་སྒྲུབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

མཚོ་སྔོན་དང་སི་ཁྲོན་གྱི་ས་མཚམས་དང་རྒྱལ་མོ་རྔུལ་ཆུའི་འབྱུང་ཡུལ་དུ་ཆགས་པའི་དབུལ་ཕོངས་རྗེས་ལུས་ཀྱི་པད་མ་རྫོང་གིས་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཐབས་ཇུས་གསར་བ་དང་མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགོ་ལོག་གི་དཔལ་འབྱོར་སཔྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་སོགས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། སློབ་གསོར་གཟིགས་སྐྱོང་བྱེད་པའི་ཐབས་ཇུས་ལག་བསྟར་བྱས་ནས་མུ་མཐུད་དུ་སློབ་གསོའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་གཙོ་གནད་ལས་གཞི་སྐོར་ཞིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས། ད་ལོར་སློབ་མའི་མལ་ཁང་འཛུགས་སྐྲུན་ལས་གཞི་ཁོ་ནར་མ་དངུལ་སྒོར་ཁྲི6443.7བཏང་ནས་བཟོ་སྐྲུན་རྒྱ་ཁྱོན་མུས་གྲུ་བཞི་མ་ཁྲི2.5ལ་སླེབས་ཡོད།

ད་ལོར། པད་མ་རྫོང་གིས་ད་རུང་མ་དངུལ་སྒོར་ཁྲི1013.7བཏང་ནས་མུ་མཐུད་དུ་ཞིང་སྡེའི་སློབ་སྔོན་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སེ་རའི་ཐང་གྲོང་རྡལ་དང་རྡོ་གོང་མ་ཤང་། ལྕགས་རི་ཐང་ཤང་། ཡར་ཐང་ཤང་། དྲིན་ཆེན་ཤང་སོགས་གྲོང་རྡལ་གཅིག་དང་ཤང་བཞིའི་བྱིས་གཉོར་ཁང5གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། ཉེ་ལམ་བཟོ་འགོད་འགོ་རྩོམ་རྒྱུ་ཡིན་པ་དང་སྐབས་དེར་རྫོང་ཡོངས་ཀྱི་བྱིས་གཉོར་ཁང་ཁྱབ་ཚད་དེ67%ཡན་ལ་སླེབས་ཐུབ། དུས་མཚུངས་སུ2014ལོའི་བོད་ཁུལ་གྱི་ལས་གཞི་བརྩོན་ལེན་བྱས་ཏེ། མི་རིགས་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་གི་ཚད་ལྡན་ལུས་རྩལ་ར་བ་གསར་འཛུགས་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག