མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:35

1.jpg

ས་གནས་སོ་སོའི་ཚོགས་ཞུགས་ཚོང་པ་དང་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་པས་མཚོ་སྔོན་ཡུས་ཧྲུའུ་ཡི་དབྱར་རྩྭ་དགུན་འབུར་ལྟ་བཞིན་པ།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས31ཉིན་གྱི་ཕྱི་དྲོར། ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་འདུ་མཛེས་སྡུག་ལྡན་པའི་གཙང་གསུམ་འབྱུང་ཡུལ་ཏེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་གཟབ་རྒྱས་ངང་བསྡུས། དབུ་འབྱེད་མཛད་སྒོ་མཇུག་རྫོགས་པ་དང་མཉམ་དུ། འབྲེལ་ཡོད་མགོ་ཁྲིད་ཀྱིས་འགྲེམ་འཚོང་ཚོགས་རར་སྐོར་ཞིབ་བྱས་པ་དང་། དེ་ནས་ཐེངས་དང་པོའི་གན་རྒྱ་འཇོག་མགོ་བརྩམས་ཤིང་། མགོ་བརྩམས་པའི་ཉིན་གཅིག་པུར་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔའི་ཉོ་ཚོང་གན་རྒྱ་བཞག

  ཉིན་དེར། ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་འདུ་དེ་ཡུས་ཧྲུའུ་ཁུལ་དངོས་མང་བཤམས་སྟོན་ཁང་དུ་ཐེངས་དང་པོར་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཧུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞོན་ཧྲིན། ཀྲུང་གོའི་མཁོ་འཚོང་སྡེ་ཚོགས་ཀྱི་ལས་འཛིན་མགོ་གཙོ་ཁྲང་ཏི་ཁྲིན་སོགས་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་འགན་འཁུར་པ་དང་། བལ་བོ་སོགས་རྒྱལ་ཁབ་མང་པོའི་བཟོ་ཚོང་ལས་རིགས་ཐད་ཀྱི་མི་སྣ་དང་ཁེ་ལས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་སོགས་མཉམ་དུ་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།

  ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་འདུ་ནི། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་བསྐྲུན་པའི་ཁྱད་ལྡན་ཐོན་ཁུངས་ལ་རྒྱབ་རྟེན་བྱེད་པ་དང་། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་དོད་པ། མི་རིགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་བཅས་བརྗོད་སྙིང་དུ་བཟུང་བའི་རྒྱལ་སྤྱི་ཅན་དང་ཆེད་ལས་ཅན་གྱི་ཉོ་ཚོང་བརྗེ་རེས་ཚོགས་འདུ་གལ་ཆེན་ཞིག་རེད། ཐེངས་འདིའི་འགྲེམ་འཚོང་ཚོགས་འདུས་ཁྱད་ལྡན་དང་འདུ་འཛོམས། གསར་སྐྲུན། འཕེལ་རྒྱས་བཅས་དང་། འཛམ་གླིང་གི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྲུང་གོར་རག་ལས་པ་དང་། ཀྲུང་གོའི་དབྱར་རྩྭ་དགུན་འབུ་མཚོ་སྔོན་ལ་རག་ལས་པ་བརྗོད་དོན་དུ་བཟུང་སྟེ། འགྲེམ་ཚོགས་ཚོགས་འདུའི་སྔོན་གྱི་གྲྭ་སྒྲིག་དང་ཚོགས་འདུའི་ཁྲོད་ཀྱི་ཚོང་འགུག་ཉོ་ཚོང་གན་རྒྱ་བཞག་པ་བརྒྱུད། དགའ་འོས་པའི་རྒྱལ་ཁ་ཆེན་པོ་བླངས།

  མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲུའུ་ཞོ་ཆིན་གྱིས་བཤད་རྒྱུར། རེབ་འདིའི་འགྲེམ་ཚོང་ཚོགས་འདུའི་ཁྲོད་ཞུགས་འདོད་པའི་ཁེ་ལས་མང་པོ་ཡོད་པས། གཙོ་བོ་ཚབ་མཚོན་ཅན་གྱི་ས་གནས་དང་ཁེ་ལས་འགའི་ལས་གཞི་བདམས་ཏེ་མཉམ་འབྲེལ་བྱས་པ་ཡིན་ལ། ཞིང་ཆེན་གཞན་གྱི་ཁེ་ལས་དག་གིས་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུ་ལས་སྣོན་བྱེད་པ་དང་བོད་སྨན་ཐོན་སྐྱེད་བྱེད་པ། ཡང་བའི་བཟོ་ལས་གསར་སྤེལ་བྱེད་པ་བཅས་ཀྱི་ཐད་དུ་ལས་གཞིའི་རྣམ་གྲངས་ཉེར་བཞིའི་མཉམ་ལས་གན་རྒྱ་བཞག་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་འཇིགས་མེད་བོད་སྨན་ཚད་ཡོད་ཀུང་ཟི་དང་ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟི་སོགས་མིང་དུ་གྲགས་པའི་ཁེ་ལས་སོགས་ཀྱིས་ཧྲིན་ཡང་གི་ཧོང་ཧྲིན་སྨན་རྫས་ཚད་ཡོད་ཀུང་ཟི་སོགས་དང་མཉམ་དུ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་ལྔའི་གན་རྒྱ་བཞག 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག