མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་ཉོ་ཚོང་འགྲེམ་ཚོགས་ཕན་སུམ་ཚོགས་པའི་ངང་གྲོལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:16

1.jpg

    ཟླ8པའི་ཚེས2ཉིན། 2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་ཉོ་ཚོང་འགྲེམ་ཚོགས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ8པའི་ཚེས2ཉིན། 2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་ཉོ་ཚོང་འགྲེམ་ཚོགས་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་ཕུན་སུམ་ཚོགས་པའི་ངང་གྲོལ། སྐབས་འདིའི་ཉོ་ཚོང་འགྲེམ་ཚོགས་སྟེང་བསྡོམས་པས་ལས་གཞི་གྱ་གཅིག་ལ་གྲོས་མཐུན་བཀོད་པ་དང་། སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་བཞི་བྱེ་བ་ལྔའི་ཉོ་ཚོང་གན་རྒྱ་བཞག

     སྐབས་འདིའི་ཉོ་ཚོང་འགྲེམ་ཚོགས་སྟེང་ལས་གཞི་ངོ་སྤྲོད་དང་མཉམ་ལས་བརྗེ་རེས། ཉོ་ཚོང་གྲོས་མོལ། མཐོ་རིམ་གླེང་སྟེགས། བལ་པོའི་ཐོན་རྫས་འགྲེམ་སྟོན། རྒྱལ་ཁབ་དང་གྲོང་ཁྱེར་གྱི་དམིགས་བསལ་ཉིན་མོ། ཡུལ་དངོས་ནད་བརྟག དབྱར་རྩྭ་དགུན་འབུའི་དངོས་རྫུན་གསལ་འབྱེད་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། ལྷག་པར་དུ་སྐབས་འདིའི་ཉོ་ཚོང་འགྲེམ་ཚོགས་ཀྱིས་ཐོག་དང་པོར་གློག་རྡུལ་ཚོང་དོན་དེ་ཉོ་ཚོང་འགྲེམ་ཚོགས་སྟེང་བཀོལ་ནས། ནང་དོན་ཕུན་སུམ་ཚོགས་པའི་དྲ་རྒྱའི་ཉོ་ཚོང་བྱ་འགུལ་སྤེལ་བ་དང་། ཉོ་ཚོང་འགྲེམ་ཚོགས་ལ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲུབ་འབྲས་སྐོར་ཞིག་ཐོབ།

    ཚེས་གཉིས་ཉིན་གྱི་ཕྱི་དྲོ། གསར་འགོད་པས་ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་ཉོ་ཚོང་འགྲེམ་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་འགྲེམ་ཚོགས་སྟེང་བསྡོམས་པས་ལས་གཞི་གྱ་གཅིག་ལ་གྲོས་མཐུན་བཀོད་པ་དང་། སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་བཞི་བྱེ་བ་ལྔའི་ཉོ་ཚོང་གན་རྒྱ་བཞག དེའི་ནང་དུ་དབྱར་རྩྭ་དང་བོད་སྨན། འཕང་འབྲས། ནས་སོགས་ཐོན་རྫས་གྲགས་ཅན་ཐད་ནས་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་བདུན་བྱེ་བ་ལྔའི་ཉོ་ཚོང་གན་རྒྱ་བཞག

     གསར་འགོད་པས་ཉིན་དེའི་དགོང་མོར་ཚོགས་པའི་བྱ་དགའ་གནང་བའི་དགོང་ཚོགས་སྟེང་རྒྱུས་ལོན་བྱུང་བ་དང་། ཕུལ་བྱུང་ཁེ་ལས་སྐོར་ཞིག་ལ་སྐུལ་མ་གནང་བ་དང་གཟེངས་བསྟོད་བྱེད་ཆེད། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་སྨན་རྫས་ཁམས་སྲུང་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་སོགས་ལས་ཁུངས་རེ་བདུན་ལ་གཟེངས་བསྟོད་བྱས་ལ། དེའི་ནང་དུ་ཡུས་ཧྲུའུ་སན་རིན་ཐང་དབྱར་རྩྭ་ཉོ་ཚོང་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་ལྔ་ལ་ཆེས་ལེགས་པའི་ཐོན་རྫས་ཀྱི་བྱ་དགའ་ཐོབ་པ་དང་། བལ་པོའི་འཐུས་ཚབ་ཚོགས་པ་སོགས་ལས་ཁུངས་ལྔ་ལ་ཆེས་ལེགས་པའི་ཕྱིར་འཚོང་གི་བྱ་དགའ་ཐོབ་ཅིང་། བོད་རང་སྐྱོང་ལྗོངས་སོགས་ལས་ཁུངས་ལྔ་བ་ཆེས་ལེགས་པའི་འགྲེམ་སྟོན་གྱི་བྱ་དགའ་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིན་སོགས་ལས་ཁུངས་ལ་ཆེས་ལེགས་པའི་རྩ་འཛུགས་ཀྱི་བྱ་དགའ་ཐོབ།

2.jpg

  ཟླ8པའི་ཚེས2ཉིན། ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་ཉོ་ཚོང་འགྲེམ་ཚོགས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

3.jpg

གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་ཁེ་ལས་ལ་བྱ་དགའ་གནང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག