མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོ་གུང་ཁྲན་ཏང”ཞེས་པའི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་ཚོགས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 10:27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཏང་འཛུགས་ཞིབ་འཇུག་ཚོགས་པས་གཙོ་བསྒྲུབས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་འཛུགས་ཞིབ་འཇུག་ཚོགས་པས་འགན་བསྒྲུབས་བྱས་པའི“ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོ་གུང་ཁྲན་ཏང”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཚེས་བཅུ་གཉིས་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཤིས་ཚིག་ཕུལ་ཞིང་། རྒྱལ་ཡོངས་ཏང་འཛུགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཡུས་ཡུན་ཡའོ་ཡིས་ཁ་ཡིག་ལ«ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོ་གུང་ཁྲན་ཏང་»ཞེས་པའི་གཏམ་བཤད་གནང་།

རྒྱལ་ཡོངས་ཏང་འཛུགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་ལིས་ཅིན་ཐེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཀྲུང་ཅེ་དང་། རྒྱལ་ཡོངས་ཏང་འཛུགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་ཀའོ་ཧྲི་ཆི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན། རྒྱལ་ཡོངས་ཏང་འཛུགས་ཞིབ་འཇུག་ཚོགས་པའི་བློ་འདོན་པ་ལུའུ་ཆུག་ཐེན། རྒྱལ་ཡོངས་ཏང་འཛུགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་ལུའུ་ཞན་ཧྥུའུ་སོགས་གྲོས་ཚོགས་སུ་ཞུགས།

ལོ་ཧོས་ཉིན་གྱིས་ཤིས་ཚིག་འབུལ་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཚོགས་འདུར་ཞུགས་པའི་མགོ་ཁྲིད་དང་ཆེད་མཁས་པ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་བཤད་རྒྱུར། རེབ་འདིའི་རྒྱལ་ཡོངས་ཏང་འཛུགས་ཞིབ་འཇུག་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་བྱེད་པའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ནས་ཚོགས་པ་ནི། ང་ཚོར་མཚོན་ན་དེ་ནི་སྐུལ་སློང་ཞིག་ཡིན་ཞིང་། སློབ་སྦྱོང་གི་གོ་སྐབས་ཤིག་ཀྱང་རེད་ཟེར། ལོ་ཧོས་ཉིན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས།

ལོ་ཧོས་ཉིན་གྱིས་བསྟན་དོན། རེབ་འདིའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་བརྗོད་བྱ་གཙོ་བོར། དུས་རབས་ཀྱི་རྣམ་པ་དང་། དམིགས་ཡུལ་རང་བཞིན་ལྡན་པ་ཞིག་ཡིན་པས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་བྱེད་པའི་ལྟ་བ་གལ་ཆེན་དང་བསམ་བློའི་མ་ལག་གི་ངོས་ཟིན་ཇེ་མཐོར་གཏོང་དགོས་པ་དང་། སྦྱངས་པ་གོ་ཆོད་པར་བྱས་ནས་གནད་དོན་གཙོ་བོ་ཐག་བཅད་དེ། རྒྱུན་ཆད་མེད་པར་སློབ་སྦྱོང་གི་ལག་བསྟར་བྱ་འགུལ་དེ་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཡུས་ཡུན་ཡའོ་ཡིས་གཏམ་བཤད་གལ་ཆེན་དེ་ལས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གཞི་རྩའི་ནང་དོན་དང་། མངོན་འགྱུར་ཐབས་ལམ། ལག་ལེན་རེ་བ་བཅས་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཚེ། ད་གཟོད་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པ། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། གཟབ་ནན་གྱིས་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཚེ། ང་ཚོའི་ཏང་ནམ་ཡིན་ཡང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མགོ་ཁྲིད་སྲོག་ཤིང་བརྟན་པོར་འགྱུབ་ཐུབ་པ་བཅས་ཕྱོགས་གསུམ་ནས་ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོ་གུང་ཁྲན་ཏང་ཞེས་པའི་ངོས་འཛིན་དང་རྒྱུས་ལོན་རྒྱས་བཤད་བྱས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག ང་ཚོའི་ཏང་གིས་རླབས་ཆེན་ལས་དོན་དང་རླབས་ཆེན་བཟོ་སྐྲུན་གཉིས་ཟུང་དུ་སྦྲེལ་ན། ད་གཟོད་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་ཐུབ་པ་དང་། རང་སྟེང་གི་འཛུགས་སྐྲུན་བྱ་བར་སྔར་ལས་ཉམས་མྱོང་དང་། སྔར་ལས་འཐབ་འཛིང་གི་ནུས་པ་ལྡན་པས། ངེས་པར་དུ་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ།

ལིས་ཀྲུང་ཅེ་དང་། ཝང་ལིན་ཅོན། ལུའུ་ཆུག་ཐེན། ལུའུ་ཞན་ཧྥུའུ། ཀྲིག་ཨེ་པེན་བཅས་བློ་མཐུན་ལྔས་ཚོགས་ཐོག་ནས་སྔ་གཞུག་ཏུ་གཏམ་བཤད། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་འཛུགས་ཞིབ་འཇུག་ཚོགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། རྒྱལ་གཉེར་ཁེ་ལས། མཐོ་རིམ་སློབ་གྲྭ་དང་། དམག་དཔུང་ཁོངས་གཏོགས་བཅས་ཀྱི་ཁོངས་གཏོགས་ལས་ཁུངས་དང་ཆེད་ཞུས་ཞིབ་འཇུག་པ་མི་བརྒྱ་ལྷག་ཚོགས་འདུར་ཞུགས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག