མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཁོང་ཡུང་གིས་མཚོ་ནུབ་ཁུལ་གྱི་བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 10:27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་མཚོ་ནུབ་ཁུལ་གྱི་བཟོ་ཚོང་ཁོངས་གཏོགས་སུ་སོང་ནས་བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ལ་སེམས་ཁུར་དང་རོགས་རམ་བྱས་ནས་གནད་དོན་ཐག་གཅོད་པ་དང་། མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་དང་བཅོས་བསྒྱུར་གྱི་ཁེ་སྤོགས་སྟེར་བ། ཚོང་རའི་གསོན་ཤུགས་སྐུལ་སློང་བྱེད་པ་བཅས་བྱས་ཏེ་བཟོ་ཚོང་ཐོ་འགོད་ལམ་ལུགས་ཀྱི་བཅོས་བསྒྱུར་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས་ཟེར།

ཁོང་ཡུང་སོགས་སྔ་གཞུག་ཏུ་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་གྱི་གཞི་རིམ་བཟོ་ཚོང་ཁང་དུ་སོང་ནས། བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་སྤེལ་པའི་གནས་ཚུལ་ལ་རྟོག་ཞིབ་དང་། བཟོ་ཚོང་ཐོ་འགོད་བརྒྱུད་རིམ་དང་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཀྱི་གྲངས་ཀ་སོགས་ཀྱི་གནས་ཚུལ་གསལ་པོར་དྲིས་པ་མ་ཟད། བྱ་བ་སྒྲུབ་པར་ཡོང་བའི་མང་ཚོགས་དང་གླེང་མོལ་བྱས་ནས་གནས་ཚུལ་ལ་རྒྱུས་ལོན་བྱས།

མཚོ་ནུབ་ཁུལ་བཟོ་ཚོང་ཅུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་མཚོ་ནུབ་ཁུལ་བཟོ་ཚོང་སྡེ་ཁག་གིས་བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་དང་ཞབས་ཞུའི་འཕེལ་རྒྱས། འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོབ། ཚོང་རའི་ལྟ་སྐུལ་དོ་དམ། དངོས་གོང་ཚོད་འཛིན་བྱེད་པ་སོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། བཟོ་ཚོང་སྡེ་ཁག་གིས་ཚོང་རའི་དཔལ་འབྱོར་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་དུ་འགན་ནུས་གཙོ་བོ་ཁུར་ཡོད་པ་དང་། བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་གྲངས་ཀ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ནས། བཟོ་ཚོང་སྡེ་ཁག་གི་ཞབས་ཞུ་དང་ལྟ་སྐུལ་དོ་དམ་བྱ་བའི་ཐད་རེ་བ་སྔར་ལས་མཐོན་པོ་བཏོན་ཡོད་པས། འཚོལ་ཞིབ་གསར་སྐྲུན་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། བཅོས་བསྒྱུར་ཁྲོད་ནས་རྙེད་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་དོ་སྣང་དང་ཞིབ་འཇུག་ཟབ་མོ་བྱེད་པ་དང་། མགྱོགས་མྱུར་སྒོས་ཁེ་ལས་ཀྱི་ཆ་འཕྲིན་ཕྱིར་བསྒྲགས་མ་ལག་འཛུགས་པ་མ་ཟད་དེ་འཐུས་ཚང་དུ་བཏང་ནས། ཧུར་ཐག་གིས་ཐོ་འགོད་ལས་ཁུངས་དང་སྲིད་གཞུང་སྡེ་ཁག ཁྱད་པར་དུ་སྤྱི་ཚོགས་ཡོངས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱེད་པ་དང་། ཡིད་རྟོན་བཀག་སྡོམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། མིག་སྔར་དམ་འཛིན་དང་ཡུན་རིང་ལ་དོ་སྣང་བྱས་ནས། བཟོ་ཚོང་ཐོ་འགོད་ལམ་ལུགས་བཅོས་བསྒྱུར་བརྟན་བརླིང་དང་གོ་རིམ་ཡོད་པའི་སྒོ་ནས་སྤེལ་ཏེ། དཔལ་འབྱོར་འཕེལ་རྒྱས་ཐད་གསོན་ཤུགས་སྣོན་པ་དང་དམངས་འཚོ་ལེགས་བསྒྱུར་ལ་སྐུལ་འདེད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག