མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་དུ་སྦྲེལ་ནས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུན་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་བླངས། ཚང་མས་ལང་ལོང་སྒོས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བཟང་བོ་དང་ལག་ལེན་བཟང་བོ། དངོས་འབེབས་བཟང་བོ་བྱེད་རྒྱུ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་བསམ་བློ་གཅིག་གྱུར་བྱེད་པ་དང་རང་གི་ལས་གནས་ལ་རྐང་བཙུགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་བྱང་ཚད་ཇེ་མཐོར་གཏོང་བ། བྱ་བར་ཡར་སྐུལ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས་པར་འདོད།

ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ནས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་བསམ་ཕྱོགས་གསལ་བོར་བྱེད་པ། བྱ་བའི་འགན་འཁྲི་དངོས་འབེབས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་གཞི་གསུམ་འཛུགས་སྐྲུན་དར་སྤེལ་དུ་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ནས་ཞིབ་དཔྱོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཞིབ་དཔྱོད་ལས་ཁུངས་ཀྱི་བྱ་བར་རྨང་གཞི་འདིང་བ་དང་གཞི་རིམ་གྱི་ཞིབ་དཔྱོད་བྱ་བ་ཇེ་ལེགས་སུ་བཏང་སྟེ་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་གཞི་གསུམ་འཛུགས་སྐྲུན་བྱ་བའི་སྤྱིའི་རེ་བར་དམིགས་ཏེ་ཕྱོགས་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་དགོས་ཞེས་བསྟན།

ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་རྟོག་ཅུའུ་ཡིས་ལས་བྱེད་པ་དང་ལས་བཟོ་བས་རང་གི་ལས་གནས་ལ་རྐང་བཙུགས་ནས་ཏན་ཏན་ཏིག་ཏིག་སྒོས་བྱ་བ་བསྒྲུབ་ནས་ཟས་རིགས་དང་སྨན་རྫས་ལ་ལྟ་རྟོག་བྱེད་པའི་བྱ་བའི་ཆེད་མཁས་པ་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་ལས་བྱེད་པ་དང་ལས་བཟོ་བས་ཞིང་ཆེན་ཏང་ཨའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས་ནན་ཏན་སྒོས་གཞི་གསུམ་འཛུགས་སྐྲུན་དང་ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྲུན་བྱ་བ་ལེགས་པོར་བཟུང་ནས་འབད་བརྩོན་གྱིས་ཁོར་ཡུག་སྲུང་སྐྱོབ་དང་ཁྲིམས་ལྟར་ལྟ་རྟོག་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ཅུའུ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་ལུས་རྩལ་བྱ་བར་མཛུབ་སྟོན་དང་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག