མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྨན་བླ་སྐྱབས་ཀྱིས་འཚོལ་སྡུད་བྱས་པའི《བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ》འགྲེམ་ལ་ཉེ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-09-27 12:18

《བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ》།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་པ་ལྟར་ན། བོད་ཀྱི་མིང་གྲགས་སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱིས་གཙོ་སྒྲིག་གནང་བའི《བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ》འགྲེམ་སྤེལ་བྱེད་ལ་ཉེ་ཞིང་། དཔེ་དེབ་འདིའི་ནང《བསླབ་བྱ་དང་ལེགས་བཤད》དང་། 《གསལ་བྱེད་སུམ་ཅུ》། 《རེས་གཟའ་བདུན་པོ་གཟའ་འཁོར་གཅིག》། 《དུས་བཞིའི་གླུ》། 《རི་བོང་བློ་ལྡན》སོགས་བྱིས་པའི་གླུ་གཞས25འདུས།

གཙོ་སྒྲིག་པ་སྨན་བླ་སྐྱབས་ཀྱིས་མཚམས་སྦྱོར་གནང་བ་ལྟར་ན། དཔེ་དེབ་འདིའི་ནང་ཨ་མདོ་ས་ཁུལ་གྱི་བྱིས་གླུ་ཕལ་ཆེ་བ་འདུས་ཤིང་། ཁོས་ལོ་ངོ་གསུམ་བཞི་ལྷག་གི་དུས་ཚོད་བེད་སྤྱད་དེ་འཚོལ་སྡུད་དང་ལེགས་སྒྲིག་བྱས་པའི་གྲུབ་འབྲས་ཡིན་པ་དང་། བོད་རིགས་བྱིས་པ་རྣམས་ཀྱིས་བྱིས་གླུ་ལེན་པ་མ་ཟད་བྱིས་གླུའི་མཛེས་ཉམས་རོལ་མྱོང་བྱ་རྒྱུ་དང་། བྱིས་གླུ་བརྒྱུད་དེ་དཔལ་ཡོན་ལྡན་ཞིང་ཤེས་བྱ་མི་དམན་པ་ཐོབ་པར་སྨོན།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག