མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལིག་ཀྲི་ཆང་གིས་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་མེ་གསོད་བདེ་འཇགས་སྲུང་སྐྱོབ་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་དཀྱིལ་མེ་གསོད་རུ་ཁག་ཆེ་བ་དང་། མེ་གསོད་རུ་ཁག་བར་མ། ཝང་ཧྥི་ཅིན་སྣ་འཛོམས་ཚོང་ཁང་སོགས་སུ་སོང་ནས། རྒྱལ་སྟོན་དུས་ཆེན་སྐབས་ཀྱི་མེ་གསོད་བདེ་འཇགས་སྲུང་སྐྱོབ་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཡུལ་དངོས་རྟོག་ཞིབ་བྱས།

ལིག་ཀྲི་ཆང་གིས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་མེ་གསོད་སྡེ་ཁག་གིས་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་མེ་སྐྱོན་ཁྱད་ཆོས་ལ་ཁ་གཏད་དེ། བྱེད་ཐབས་བཟང་བོ་སྤྱད་དེ་ཕྱོགས་ཡོངས་ནས་མེ་སྐྱོན་ལ་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་བདེ་བག་ཕེབས་ངང་རྒྱལ་སྟོན་དུས་ཆེན་ལ་རོལ་བར་ཤུགས་ཡོད་ཀྱི་མེ་གསོད་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་དང་། མི་མང་འདུ་ས་དང་ཡུལ་སྐོར་ལྗོངས་རྒྱུ་ཁུལ་སོགས་སྡེ་ཁག་གཙོ་བོ་དང་ཉེན་ཁ་འབྱུང་སླ་སའི་མེ་གསོད་བདེ་འཇགས་ལ་དམ་འཛིན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། མེ་གསོད་མྱུར་སྐྱོབ་ཐད་ཀྱི་གྲ་སྒྲིག་བྱ་བར་སྔར་ལས་ཤུགས་བསྣན་ནས། མེ་སྐྱོན་དོན་རྐྱེན་བྱུང་མ་ཐག་མྱུར་དུ་ཐག་གཅོད་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་པ་བཅས་ཀྱི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག