མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་མཇུག་སྒྲིལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། དུས་ཡུན་ཉིན་བཞིའི་རིང་གི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་ཡོངས་སུ་མཇུག་སྒྲིལ། མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། ཧིན་ཧྲི། སྟག་འབུམ་ཐར། དབང་མོ། ཚའོ་ཝིན་ཧུའུ། མཱ་ཝེ། ཚའོ་ཧུང་། དྲུང་ཡིག་ཆེན་མོ་ཚའེ་ཏི་ཀོས་བཅས་གཙོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོ་དགུ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། དབང་མོས་རེབ་འདིའི་མཇུག་སྒྲིལ་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལས་བརྡས་ཐག་བཅད་དེ«མཚོ་སྔོན་པོའི་མཐའ་འཁོར་མཛེས་ལྗོངས་ལ་དོ་དམ་བྱེད་པའི་སྲོལ་ཡིག»ལ་གྲོས་འཆམ་བྱུང་བར་མ་ཟད། «མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག»ལྟར། «ཟི་ལིང་གྲོང་ཁྱེར་གྱི་ལྷོ་བྱང་རི་བོ་གཉིས་ལ་ལྗང་བསྒྱུར་བྱེད་པའི་དོ་དམ་སྲོལ་ཡིག»ལ་ཆོག་མཆན་ཐོབ་པར་མ་ཟད། ད་དུང་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མི་བྱས་ཆོག་པའི་འབྲེལ་ཡོད་ཞིབ་བཤེར་སྙན་ཞུ་ལ་ཆོག་མཆན་བཀོད།

ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་གཞིས་ཀའི་དོ་དམ་སྲོལ་ཡིག་ལ་ཞིབ་བཤེར་གྲོས་མོལ་བྱས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་ཚན་ཁག་གིས་ཞིབ་བཤེར་བྱས་ནས། སྲོལ་ཡིག་འདི་གཏན་འཁེལ་བྱས་པར་དོན་སྙིང་ཆེན་པོ་ཡོད་པར་མ་ཟད། ད་དུང་དེ་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཐབས་སྐོར་ནས་བསམ་འཆར་བཏོན།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཕེལ་སྟངས་བསྒྱུར་བ་དང་། སྤྱི་ཁོག་སྙོམ་སྒྲིག་བྱེད་པ། ཐོན་ལས་རིམ་བཅར་བཞིན་འཕེལ་རྒྱས་སོང་བའི་གནས་ཚུལ་བཅས་སྙན་ཞུ་ཕུལ་བར་མ་ཟད། ད་དུང་ཆེད་དོན་འདྲི་རྟོག་བྱས་ཏེ། འབྲེལ་ཡོད་གནས་ཚུལ་ལ་ཞིབ་བཤེར་ཟབ་མོ་བྱས། གྲོས་ཚོགས་ལས་ད་དུང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཆེན་འཕྲོད་བསྟེན་ཐིན་བཅས་ཀྱི་བྱ་བར་ཞིབ་བཤེར་གྲོས་མོལ་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག