མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་གཞི་རིམ་དུ་སོང་སྟེ་བྱ་བ་སྒྲུབ་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་གཞི་རིམ་དུ་མངགས་ནས་བྱ་བ་སྒྲུབ་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ལིན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་རྩ་འཛུགས་སྡེ་ཁག་དང་། ཞང་དང་གྲོང་རྡལ་གྱི་ཏང་ཨུ་དང་ལས་བྱེད་པ་འདེམ་སྒྲུག་སྒོས་གཞི་རིམ་དུ་མངག་མཁན་ལས་ཁུངས་བཅས་ཀྱིས། རང་འཁྲིའི་འགན་ཁུར་དུས་ལྟར་འཐུས་ཤོར་མེད་པའི་ངང་བསྒྲུབ་དགོས་པ་མ་ཟད། ལས་བྱེད་པ་གཞི་རིམ་དུ་མངག་ནས་བྱ་བ་སྒྲུབ་པའི་བྱེད་ནུས་སྔར་ལས་འདོན་སྤེལ་གང་ལེགས་བྱས་ཏེ། གཞི་གསུམ་འཛུགས་སྐྲུན་གྱི་བྱ་བར་ཡར་སྐུལ་བྱ་ཐུབ་དགོས་ཟེར།

ཝང་ལིན་ཅུན་གྱིས་ལོ་ངོ་གཅིག་རིང་གི་ལས་བྱེད་པ་གཞི་རིམ་དུ་སོང་ནས་བྱ་བ་སྒྲུབ་པའི་ལས་སྒོའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཁོས་བསྟན་དོན། གྲོང་ཁྱེར་དང་ཁུལ་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་བྱ་བར་སྣེ་ཁྲིད་མཛུབ་སྟོན་ལ་ཤུགས་སྣོན་ཆེན་པོ་བྱས་ཏེ། ཞིབ་བཤེར་ལྟ་སྐུལ་གྱི་ནུས་པ་སྔར་ལས་ཆེ་དྲག་ཏུ་གཏོང་དགོས་པ་ལས་གཞན། ད་དུང་ལས་བྱེད་པ་གཞི་རིམ་དཀའ་ངལ་ཆེ་སར་སོང་ནས་བྱ་བ་སྒྲུབ་པའི་བླ་མེད་སྤྱོད་བཟང་དྲིལ་སྒྲོག་ཤུགས་ཆེན་བཅས་བྱས་མཐར། ལས་བྱེད་པ་གཞི་རིམ་དུ་སོང་ནས་བྱ་བ་སྒྲུབ་པའི་ཤུགས་རྐྱེན་དང་ལས་ཆོད་སྔར་ལས་ཇེ་ཆེར་གཏོང་དགོས། ཁུལ་དང་གྲོང་ཁྱེར། རྫོང་བཅས་ཀྱི་རྩ་འཛུགས་ལས་ཁུངས་ཀྱིས་དོ་དམ་ལྟ་སྐུལ་དང་། ཉིན་རེའི་བྱ་བར་དཔྱད་ཞིབ་ནན་མོ་བྱེད་པ། སྒྲིག་གཞི་འཐུས་ཚང་ཡིན་མིན་ལ་ཞིབ་བཤེར་ནན་མོ་བཅས་བྱས་ཏེ། ཕན་ཚུན་ཉམས་མྱོང་བརྗེ་རེས་དང་བསམ་འཆར་འདོན་རེས་ཀྱི་སྡིངས་ཆ་ཆེན་པོ་ཞིག་བསྐྲུན་དགོས། ཞང་དང་གྲོང་རྡལ་རིམ་པའི་འབྲེལ་ཡོད་འགན་ཁུར་མི་སྣས་འཆར་གཞི་ལྡན་པའི་སྒོ་ནས་འོས་འགན་བགོ་འགྲེམ་བྱས་ཏེ། འབྲེལ་ཡོད་མགོ་ཁྲིད་མི་སྣས་ལག་ལེན་དངོས་ཀྱི་ཁྲོད་ནས་བྱ་བའི་བྱེད་ཐབས་གསར་བ་འཚོལ་བསྡུ་བྱ་དགོས། དེ་མིན་ད་དུང་གྲུབ་འབྲས་འབུར་ཐོན་ཅན་གྱི་ལས་བྱེད་པར་གཟེངས་བསྟོད་དང་སྐུལ་སློང་ཚོགས་འདུ་བསྡུས་ནས། ཁོ་ཚོར་དགའ་རྟགས་གྱ་ནོམ་པ་བྱིན་ཏེ། རང་དཔེ་གཞན་སྟོན་གྱི་ནུས་པ་འདོན་ཐུབ་དགོས་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག