མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་ཁུལ་གྱིས་གསར་འགྱུར་ལས་རིགས་སྟེང་གི་གསར་འགོད་པ་བཟང་བོའི་ཡིད་སེམས་འགུག་པའི་གཏམ་རྒྱུད་བརྗོད་པའི་གཏམ་བཤད་འགྲན་སྡུར་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་ནུབ་ཁུལ་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་དང་། མཚོ་ནུབ་ཁུལ་གསར་འགྱུར་བྱ་བའི་ལྷན་ཚོགས་དང་། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཚྭ་འདམ་ཉིན་རེའི་ཚགས་པར་བཅས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་ནུབ་ཁུལ་གྱི་གསར་འགྱུར་ལས་རིགས་སྟེང་གི་གསར་འགོད་པ་བཟང་བོའི་ཡིད་སེམས་འགུག་པའི་གཏམ་རྒྱུད་བརྗོད་པའི་གཏམ་བཤད་འགྲན་སྡུར་དེ་གཏེར་ལེན་ཁ་གྲོང་ཁྱེར་ནས་བསྡུས་པ་དང་། མཚོ་ནུབ་ཁུལ་གྱི་གསར་འགྱུར་འཐབ་ཕྱོགས་སྟེང་གི་འགྲན་ཞུགས་པ10ཐེངས་འདིའི་འགྲན་སྡུར་དུ་ཞུགས་ལ། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་་སོགས་འབྲེལ་ཡོད་འགོ་ཁྲིད་ཀྱིས་འགྲན་སྡུར་ལ་བལྟས།

ཁུལ་ཏང་ཨུའི་མགོ་ཁྲིད་པས་བསྟན་དོན། གསར་འགྱུར་འཐབ་ཕྱོགས་སྟེང་ནས་གསར་འགོད་པ་བཟང་བོས་ཡིད་སེམས་འགུག་པའི་གཏམ་རྒྱུད་བརྗོད་པའི་བྱ་འགུལ་སྤེལ་བ་འདི་མཚོ་ནུབ་ཁུལ་གྱི་གསར་འགྱུར་དཔུང་སྡེ་ཇེ་ལེགས་སུ་གཏོང་བ་དང་། གསར་འགྱུར་བྱ་བའི་ཧུར་བརྩོན་རང་བཞིན་ཇེ་དྲག་ཏུ་གཏོང་བའི་ཐབས་ལམ་ཞིག་ཡིན་ལ། མཚོ་ནུབ་ཁུལ་གྱི་གསར་འགྱུར་སྡེ་ཁག་གིས་བརྗོད་བྱ་གསར་བ་དང་རྣམ་པ་གསར་བའི་སྒོ་ནས་གསར་འགྱུར་བྱ་བར་སློབ་སྦྱོང་གི་གར་སྟེགས་བཟང་བོ་ཞིག་མཁོ་སྤྲོད་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་གཞི་རིམ་གྱི་བྱ་བ་དར་སྤེལ་གཏོང་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པའི་རེ་བ་བཏོན།

འགྲན་སྡུར་དེ་རང་ཉིད་དངོས་སུ་བརྒྱུད་པའི་གཏམ་རྒྱུད་ཁྲོད་དང་། བཅར་འདྲིའི་གོ་རིམ་ཁྲོད་ཀྱི་རང་ཉིད་ཀྱི་མྱོང་བ་དངོས་སུ་བརྗོད་དེ། གསར་འགྱུར་བྱ་བ་སྒྲུབ་མཁན་ལ་ཡང་དག་པའི་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་འདུ་ཤེས་ཀྱིས་སྣེ་ཁྲིད་པས། ལས་རིགས་ཀྱི་སྙིང་སྟོབས་དང་ལས་རིགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་བྱེད་པ། སྤྱི་ཚོགས་ཀྱི་འགན་ལེན་འདུ་ཤེས་མཐོར་འདེགས་སུ་གཏོང་བ། ཡང་དག་པའི་ལམ་དུ་ཞུགས་ནས་ཕྱོགས་ཡོངས་ནས་བཅོས་བསྒྱུར་བྱས་ཏེ་ཁུལ་གསུམ་འཛུགས་སྐྲུན་དང་ལས་ཆོད་ཀྱི་མཚོ་ནུབ། མཆོང་བརྒལ་གྱི་མཚོ་ནུབ། འཆམ་མཐུན་གྱི་མཚོ་ནུབ། ལྗང་མདོག་གི་མཚོ་ནུབ་འཛུགས་སྐྲུན་བྱེད་པར་ནུས་པ་གང་ལེགས་འདོན་དགོས་པ་བསྟན།

འགྲན་སྡུར་ཁྲོད། འགྲན་ཞུགས་པ་རྣམས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་འདུ་ཤེས་ཀྱི་སློབ་གསོ་དཀྱིལ་སྙིང་དུ་བཟུང་ནས། རང་ཉིད་བརྒྱུད་པའི་གཏམ་རྒྱུད་དང་མཐོང་ཐོས་དངོས་དཔེ་མཚོན་གྱི་ལམ་ནས་བརྗོད་པས། གསར་འགྱུར་ལས་རིགས་ཀྱི་སྙིང་སྟོབས་དང་ལས་རིགས་ཀྱི་ཀུན་སྤྱོད་མཐོར་འདེགས་སུ་བཏང་སྟེ་གསར་འགྱུར་ལས་རིགས་ཀྱི་མི་སྣའི་སྣང་བརྙན་ལ་སྲུང་སྐྱོབ་བྱས། འགྲན་ཞུགས་པ་རྣམས་ཀྱི་གཏམ་བཤད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། སྨྲ་ལྕེ་དག་པ། ཡིད་སེམས་འགུག་པའི་གཏམ་རྒྱུད་རེ་རེ་ཡིས་མཚོ་ནུབ་ཁུལ་གྱི་ལས་གསར་བྱ་བའི་མི་སྣའི་བྱ་བའི་སྤྲོ་སེམས་དང་གསར་འགྱུར་ལས་རིགས་ཀྱི་འགན་འཁྲིའི་འདུ་ཤེས་མཚོན་པར་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག