མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རོང་འབྲོག་ཁུལ་དང་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རོང་འབྲོག་ཁུལ་དང་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པར་ཡར་སྐུལ། ལོ་ཧྲིལ་བོའི་བྱ་བའི་དམིགས་འབེན་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་པར་སྐུལ་འདེད་བཅས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་གྲོས་ཚོགས་ལ་ཞུགས་ནས། མིག་སྔའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ཝང་ཅན་ཅོན་གྱིས་བསྟན་དོན། དུས་ཚིགས་སྔོན་མ་གསུམ་རིང་ལ། སྡེ་ཁག་སོ་སོས་གནས་ཚུལ་དངོས་ལ་རྐང་བཙུགས་ནས། ལག་བསྟར་ལ་སྐུལ་འདེད་བྱེད་པ་ལས་འགོར་འགྱངས་མི་བྱེད་པ་དང་། གནད་དོན་ཞིབ་འཇུག་བྱེད་སྐབས་ཐབས་ཆག་མི་བྱེད་པ། འགལ་ཟླར་མཐོང་ཆེན་བྱེད་པ་ལས་གཡོ་ཟོལ་མི་བྱེད་པ། དཀའ་གནད་ཐག་གཅོད་སྐབས་བྱེད་ཐབས་བཟང་བོ་སྤྱོད་པ་བཅས་བྱས་པས། བྱ་བའི་འཕེལ་རིམ་བཟང་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།

ཝང་ཅན་ཅོན་གྱིས། ཞིང་ལས་མི་གྲངས་ཀྱི་བྱ་བ་གཙོ་བོར་སྔར་ལས་དམ་འཛིན་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། ལོ་མགོའི་བཀོད་སྒྲིག་དང་རེ་བར་ཤན་སྦྱར་བྱས་ཏེ། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཉམས་ཞན་སར་གཙིགས་འཛིན་བྱེད་པ། སྟོབས་ཤུགས་ཡོད་རྒུ་འདོན་པ། ལག་བསྟར་བཟང་བོ་བྱེད་པ་བཅས་བྱེད་དགོས། རོང་འབྲོག་ཁུལ་གྱི་བྱ་བ་གཙོ་བོར་ནམ་ཡང་དམ་འཛིན་བྱས་ཏེ། བཀོད་སྒྲིག་བྱས་ཚེ་ལག་བསྟར་བྱེད་པ་དང་ཁས་བླངས་རྗེས་དུས་ལྟར་སྒྲུབ་པར་ཁག་ཐེག་བྱེད་དགོས། གཙོ་གནད་ལ་ཤན་སྦྱར་དང་དཀའ་ཁག་ཁྱད་སེལ་གྱིས་ཞིང་ལས་མི་གྲངས་ཐད་ཀྱི་བཅོས་བསྒྱུར་སྣ་ཚོགས་བརྟན་བརླིང་ངང་སྤེལ་བར་སྐུལ་འདེད་བྱེད་དགོས། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི2014ལོའི་བྱ་བའི་གཙོ་གནད་དང་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་དུ། ཞིང་ལས་མི་གྲངས་ཀྱི་བཅོས་བསྒྱུར་སྣ་ཚོགས་ཧུར་ཐག་དང་བརྟན་བརླིང་ངང་སྤེལ་དགོས། མུ་མཐུད་དུ་དུས་ཚིགས་བཞི་བའི་བྱ་བར་དམ་འཛིན་བྱས་ཏེ། སང་ལོའི་བྱ་བར་ཇུས་འགོད་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག