མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་གཙོ་གནད་བརླན་ས་གསུམ་གྱི་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་ཕན་ནུས་རིམ་པ་ཅུང་བཟང་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-11 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་རྒྱང་ཚོར་དང་གཞི་གྲངས་ཀྱི་སའི་གོ་ལ་ཞིབ་འཇུག་སའོ་ཡིས་ཉེ་ལམ་མཚོ་སྔོན་པོའི་བྱ་གླིང་དང་མཚོ་སྐྱ་རེངས། མཚོ་སྔོ་རེངས་བཅས་རྒྱལ་སྤྱིའི་གཙོ་གནད་བརླན་ས3ལ་བརླན་སའི་སྐྱེ་ཁམས་མ་ལག་དཔྱད་འཇོག་བྱ་བ་སྤེལ་བ་དང་། བརྟག་བཤེར་ཚད་ལེན་བྱས་པ་ལྟར་ན། མིག་སྔར་རྒྱལ་སྤྱིའི་གཙོ་གནད་བརླན་ས3གྱི་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་ཕན་ནུས་རིམ་པ་ཅུང་བཟང་བ་ཡིན།

《བརླན་སའི་སྐྱེ་ཁམས་མ་ལག་དཔྱད་འཇོག་དམིགས་ཚད་མ་ལག》ལྟར་བརྩིས་ན། མཚོ་སྔོན་པོའི་བྱ་གླིང་རྒྱལ་སྤྱིའི་གཙོ་གནད་བརླན་སའི་སྐྱེ་ཁམས་མ་ལག་གི་ཕྱོགས་བསྡུས་བདེ་ཐང་སྟོན་གྲངས་ནི5.87ཡིན་པ་དང་། བདེ་ཐང་ཨང་རིམ་ནི་འབྲིང་ཡིན་ལ། ཕྱོགས་བསྡུས་བྱེད་ནུས་སྟོན་གྲངས་ནི7.80དང་བྱེད་ནུས་ཨང་རིམ་ནི་བཟང་བ་ཡིན། མཚོ་སྔོན་མཚོ་སྐྱ་རེངས་ཀྱི་བརླན་སའི་སྐྱེ་ཁམས་མ་ལག་གི་ཕྱོགས་བསྡུས་བདེ་ཐང་སྟོན་གྲངས་ནི4.63དང་བདེ་ཐང་ཨང་རིམ་ནི་འབྲིང་ཡིན་པ་དང་། ཕྱོགས་བསྡུས་བྱེད་ནུས་སྟོན་གྲངས་ནི7.22དང་བྱེད་ནུས་ཨང་རིམ་ནི་བཟང་བ་ཡིན། མཚོ་སྔོ་རེངས་བརླན་སའི་སྐྱེ་ཁམས་མ་ལག་གི་ཕྱོགས་བསྡུས་བདེ་ཐང་སྟོན་གྲངས་ནི5.73དང་བདེ་ཐང་ཨང་རིམ་ནི་འབྲིང་ཡིན་ལ། ཕྱོགས་བསྡུས་བྱེད་ནུས་སྟོན་གྲངས་ནི7.33དང་བྱེད་ནུས་ཨང་རིམ་ནི་བཟང་བ་ཡིན།

ཆེད་མཁས་པའི་དཔྱད་འཇོག་སྙན་ཞུ་ལས་མཚོ་སྔོན་བྱ་གླིང་རྒྱལ་སྤྱིའི་གཙོ་གནད་བརླན་སའི་སྐྱེ་ཁམས་མ་ལག་གི་བདེ་ཐང་དང་བྱེད་ནུས་གནས་ཚུལ་ཅུང་བཟང་བས་རིན་ཐང་ཅུང་ཆེན་པོ་ལྡན། སྲུང་སྐྱོང་ཁུལ་གྱི་ཆུའི་ཁོར་ཡུག་གི་གནས་བབ་ཅུང་བཟང་བ་དང་ས་ཁོངས་བེད་སྤྱོད་བྱེད་ཚད་ཅུང་ཆུང་ལ། བྱེད་ནུས་སྙོམས་སྒྲིག་གིས་བྱེད་ནུས་འདོན་སྤེལ་ཆེན་པོ་བྱས་ཡོད་དང་། དུས་མཚུངས་སུ་རིན་ཐང་ཆེན་པོ་བསྐྲུན་ཡོད། མཚོ་སྐྱ་རེངས་རྒྱལ་སྤྱིའི་གཙོ་གནད་བརླན་སའི་རི་སྐྱེས་སྲོག་ཆགས་ངལ་གསོ་ས་ཁུལ་ཚད་དང་མཐུན་ལ་བརླན་སའི་རྒྱ་ཁྱོན་ཇེ་ཆེར་འགྲོ་བཞིན་ཡོད། མཚོ་སྔོ་རེངས་རྒྱལ་སྤྱིའི་གཙོ་གནད་བརླན་སའི་ཆུའི་ཁོར་ཡུག་ཅུང་བཟང་བ་དང་། ཆུ་སྤུས་བདེ་ཐང་ཡིན་ལ། ས་གཤིན་གྱི་དམིགས་ཚད་ཅུང་བཟང་བས། བརླན་སའི་མཁོ་འདོན་བྱེད་ནུས་ཅུང་བརྟན་འཇགས་ཡིན་པ་དང་། དེས་ཁ་དབུགས་དང་ཆུའི་ཐོན་ཁུངས། ཆུ་ལོག་བཅས་ཀྱི་སྙོམས་སྒྲིག་གི་བྱེད་ནུས་འབུར་ཏུ་ཐོན་པ་བསྟན་ཡོད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་བརླན་ས་འདི་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཡོད། ལྟེ་གནས་ཁུལ་གྱི་མཚེའུ་བརླན་སར་ཉ་འཛིན་པ་བཀག་འགོག་བྱེད་པའི་བཟོ་འགོད་དང་བརླན་སའི་ས་ཁོངས་བྱེ་འགྱུར་ཅན་སྔོན་འགོག་བྱེད་པའི་བཟོ་འགོད། བརླན་སའི་སྔོ་ཤུན་སླར་གསོའི་བཟོ་འགོད་སོགས་ལག་བསྟར་བྱས་ཏེ། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་རྒྱལ་སྤྱིའི་གཙོ་གནད་བརླན་སའི་སྐྱེ་ཁམས་ལ་མངོན་གསལ་གྱིས་ལེགས་བཅོས་བྱུང་ཡོད།  །

青海省3处国际重要湿地生态系统综合功能等级良好

青海新闻网讯 记者从青海省林业厅获悉,中国科学院遥感与数字地球研究所近期对青海湖鸟岛、扎陵湖、鄂陵湖3处国际重要湿地进行湿地生态系统评价工作,经测算,目前3处国际重要湿地生态系统综合功能等级良好。

根据《湿地生态系统评价指标体系》测算,青海湖鸟岛国际重要湿地生态系统综合健康指数为5.87,健康等级为中,综合功能指数为7.80,功能等级为好;青海扎陵湖湿地生态系统综合健康指数为4.63,健康等级为中,综合功能指数为7.22,功能等级为好;鄂陵湖湿地生态系统综合健康指数为5.73,健康等级为中,综合功能指数为7.33,功能等级为好。

专家评价报告认为,青海鸟岛国际重要湿地生态系统健康和功能状况较好,价值较高。保护区水环境状况良好,土地利用强度较小,调节功能发挥了很大作用,同时产生很高的价值。扎陵湖国际重要湿地野生动物栖息地适宜程度适中,湿地面积变大。鄂陵湖国际重要湿地水环境良好,水质健康,土壤指标较好,湿地的供给功能较稳定,对大气、水资源和洪水的调节功能突出。

近年来,青海省有关部门采取多种措施保护这3块湿地生态环境。譬如通过实施核心区湖泊湿地禁渔工程、湿地区域沙漠化防治工程、湿地植被恢复工程,使扎陵湖、鄂陵湖国际重要湿地生态得到明显改善。

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག