མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་ཀྱིས་ལོ5རིང་འབྲོག་པ་མི་ཁྲི53ལ་ཕན་ཁེ་བསྐྲུན་པ་དང་དེས་མཚོ་སྔོན་གྱི་སྤྱིའི་མི་གྲངས་ཀྱི9.2%ཟིན་ཡོད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-13 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་འབྱོར་བའི་གནས་ཚུལ་ལྟར་ན། 2009ལོ་ནས་ད་ལོ་བར་གྱི་ལོ5རིང་། མཚོ་སྔོན་ཞིང་ཆེན་གྱི་རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་ཀྱིས་བསྡོམས་པས་སྡོད་ཁང་ཁྱིམ་ཚང་ཁྲི11.3འཛུགས་སྐྲུན་བྱས་པ་དང་འབྲོག་ཁུལ་གྱི་མང་ཚོགས་མི་ཁྲི53ལ་ཕན་ཁེ་བསྐྲུན་ལ། དེས་མཚོ་སྔོན་གྱི་སྤྱིའི་མི་གྲངས་ཀྱི9.2%ཟིན་ཡོད།

མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་རྩྭ་སའི་ཕྱུགས་ལས་རྟེན་གཞི་ཆེན་མོ་ལྔའི་ཁྲོད་ཀྱི་གཅིག་ཡིན་པས། འབྲོག་ཁུལ་གྱི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི96%ཟིན་པ་དང་། འབྲི་གཡག་ཕྱུགས་རར་ཚུད་ཚད་ཀྱིས་འཛམ་གླིང་གི་སྤྱི་འབོར་གྱི་སུམ་ཆའི་གཅིག་ཟིན་ཡོད་ལ། བོད་ལུག་ཕྱུགས་རར་ཚུད་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། འོན་ཀྱང་སྲོལ་རྒྱུན་གྱི་ཕྱུགས་ཟོག་འཚོ་སྟངས་དང་ཁ་འཐོར་གྱི་བདག་གཉེར་བྱེད་ཐབས་ཀྱིས་རྒྱ་ཆེའི་འབྲོག་དམངས་ཀྱིས་དུས་ཡུན་རིང་བོར་རྩྭ་ཆུ་བསྙེགས་ནས་རུ་སྤོར་བྱེད་པའི་འཚོ་བ་རོལ་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཀྲང་ཧོང་ཡོན་གྱིས་མཚམས་སྦྱོར་བྱེད་རྒྱུར། 2009ལོར་རུ་སྤོར་འབྲོག་དམངས་གཏན་སྡོད་བཟོ་འགོད་ལག་བསྟར་བྱས་པའི་ཚུན། མཚོ་སྔོན་ཞིང་ཆེན་གྱིས་གཅིག་གྱུར་གྱིས་འཆར་འགོད་འཛུགས་སྐྲུན། རང་གིས་འཛུགས་སྐྲུན་བྱེད་པའི་ཐབས་ལ་བརྟེན་ནས་རྒྱ་ཆེའི་འབྲོག་དམངས་གཅིག་འདུའི་འཚོ་སྡོད་བྱེད་པར་སྐུལ་མ་བཏང་ཞིང་། མིག་སྔའི་བར་དུ་བསྡོམས་པས་རུ་སྤོར་འབྲོག་དམངས་གཏན་སྡོད་ཁང་བ་མུས་གྲུ་བཞི་མ་ཁྲི776འཛུགས་སྐྲུན་བྱས་པ་དང་ཁྱིམ་ཚང་རེའི་ཆ་སྙོམས་ཀྱིས་སྡོད་ཁང་རྒྱ་ཁྱོན་མུས་གྲུ་བཞི་མ68.69ལ་སླེབས་ཡོད།

རུ་སྤོར་འབྲོག་དམངས་གནས་སྤོར་བ་བ་དང་འཚོ་སྡོད་བྱེད་པ། ཕྱུག་བསྒྱུར་བྱེད་པའི་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱིས་རུ་སྤོར་འབྲོག་དམངས་ཀྱི་རྩྭ་ས་བདག་གཉེར་ཁེ་དབང་ལ་འགྱུར་ལྡོག་མ་བཏང་བའི་སྔོན་འགྲོའི་འོག ཤུགས་ཆེན་པོས་ཕྱུགས་ལས་མཉམ་ལས་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། དུས་མཚུངས་སུ་གཏན་སྡོད་ས་ཚིགས་ཀྱི་སྤྱི་ཚོགས་ཞབས་ཞུ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འབྲོག་དམངས་རྣམས་ཀྱིས་སྔར་ལས་ལེགས་པོའི་སྒོ་ནས་གྲོང་རྡལ་གྱི་འཚོ་བར་ཞུགས་སུ་བཅུག

ཀྲང་ཧོང་ཡོན་གྱིས་རུ་སྤོར་འབྲོག་དམངས་གཏན་སྡོད་ཀྱིས་འབྲོག་ཁུལ་མང་ཚོགས་རྣམས་ཀྱིས་ཆ་སྙོམས་ལྡན་པའི་སྒོ་ནས་རིག་གནས་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སོགས་དེང་རབས་སྤྱི་བའི་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པ་མ་ཟད། སྲོལ་རྒྱུན་ཕྱུགས་ལས་དེ་དེང་རབས་ཕྱུགས་ལས་སུ་བསྒྱུར་འཕར་བྱེད་པ་དང་། འབྲོག་ཁུལ་དཔལ་འབྱོར་སྤྱི་ཚོགས་དུས་ཡུན་རིང་བོར་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་པར་འདོད།   །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག