མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི“ཁུལ་གསུམ”འཇོན་མི་ཚན་རྩལ་ཆེད་དམིགས་འཆར་འགོད་ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་ཐོབ་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-14 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཚན་རྩལ་པུའུ་ཡིས་གཙོ་གནད་རོགས་སྐྱོར་བྱེད་པའི་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན23དུ2014ལོའི“ཁུལ་གསུམ”འཇོན་མི་རོགས་སྐྱོར་འཆར་འགོད་ཀྱི་ཚན་རྩལ་མི་སྣའི་ཆེད་དམིགས་བྱ་བ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དམིགས་མ་དངུལ་སྒོར་ཁྲི1223གྱི་རོགས་སྐྱོར་ཐོབ་པ་དང་། རོགས་སྐྱོར་བྱེད་ཚད་ཞིང་ཆེན23གྱི་ཨང་བདུན་པར་སླེབས་ཡོད།

“ཁུལ་གསུམ”འཇོན་མི་རོགས་སྐྱོར་འཆར་འགོད་ནི་མཐའ་ཁུལ་དབུལ་ཕོངས་ས་ཁུལ་དང་འཐའ་ཁུལ་མི་རིགས་ས་ཁུལ། གསར་བརྗེའི་ས་ཁུལ་རྙིང་བའི་འཇོན་མི་རོགས་སྐྱོར་འཆར་འགོད་ཀྱི་ཚན་རྩལ་མི་སྣའི་ཆེད་དམིགས་འཆར་འགོད་བྱ་བ་ཡིན་ལ། ཚན་རྩལ་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་སོགས་སྡེ་ཁག་གིས་མཉམ་དུ་སྒྲུབ་པའི་འཇོན་མིའི་ཆེད་དམིགས་བྱ་བ་ཞིག་ཡིན།

ད་ལོར། མཚོ་སྔོན་གྱིས་ཚན་རྩལ་པུའུ་སོགས་སྡེ་ཁག་ལྔའི་བླང་བྱ་ལྟར། ཞིང་ཆེན་ཚན་རྩལ་ཐིན་དང་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་སོགས་སྡེ་ཁག་གིས་དུས་ལྟར་འབྲེལ་མཐུད་མཐུན་སྦྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་མཐའ་ཁུལ་དབུལ་ཁོངས་ས་ཁུལ་དང་མཐའ་ཁུལ་མི་རིགས་ས་ཁུལ། གསར་བརྗེའི་ས་ཁུལ་རྙིང་བའི་འཇོན་མི་རོགས་སྐྱོར་འཆར་འགོད་ཀྱི་ཚན་རྩལ་མི་སྣའི་ཆེད་དམིགས་འཆར་འགོད་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བྱེད་ཐབས་བཟོས་པ་མ་ཟད། ནན་ཏན་སྒོས་ཆེད་དམིགས་འཆར་འགོད་ཀྱི་ལག་བསྟར་ཁྱབ་ཁོངས་དང་དཔྱད་འདེམས་། གསོ་སྦྱོང་ཆ་རྐྱེན་སོགས་ཀྱི་བླང་བྱར་གཞིགས་ཏེ་ཚན་རྩལ་མི་སྣ་འདེམས་སྒྲུག་དང་གསོ་སྦྱོང་ཆ་རྐྱེན་བསྐྲུན་ནས་བྱ་བ་མཚམས་སྦྱོར་བྱས། རྗེས་ཕྱོགས་སུ། མཚོ་སྔོན་གྱིས་ཚན་རྩལ་པུའུ་ཡི་ཆེད་མངགས་མི་སྣ་དང་ཁ་གཏད་རོགས་འཛུགས། ཚན་རྩལ་དབུལ་སྐྱོར་སོགས་ཀྱི་བྱ་བར་འབྲེལ་ནས། ཆེད་དམིགས་འཆར་འགོད་ཀྱིས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཚན་རྩལ་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་ཕན་ནུས་ལྡན་པའི་ཤེས་རིག་གི་རོགས་སྐྱོར་མཁོ་འདོན་བྱེད་པ་དང་། ཧུར་བརྩོན་གྱིས་མཚོ་སྔོན་གྱི“ཁུལ་གསུམ”ཚན་རྩལ་མི་སྣའི་ཞབས་ཞུའི་ཡུན་རིང་ལམ་ལུགས་འཚོལ་ཞིབ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག