མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་ལྟེ་གནས་ཚན་ཁག་གིས་རྒྱ་བསྐྱེད་སློབ་སྦྱོང་ཚོགས་འདུ་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

 གྲོས་ཚོགས་ལས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། ཆོད་སེམས་དང་སྟོབས་ཤུགས་སྔར་ལས་ཆེན་པོས་ཁྲིམས་སྐྱོང་གི་རྨ་ལྷོ་འཛུགས་སྐྲུན་བྱེད་ཚད་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས་ཏེ། གཅིག ཁྲིམས་ལྟར་གཟབ་ནན་སྒོས་སྲིད་འཛིན་དགོས། གཉིས། དྲང་གཞག་གིས་ཁྲིམས་འཛིན་བྱ་བ་སྤེལ་དགོས། གསུམ། ཁྲིམས་སྐྱོང་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། བཞི། དཔུང་སྡེའི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག