མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་ཡོང་སྒོ་དང་འགྲོ་སོང་གཉིས་ཀ་གོང་དུ་འཕར་བ་དང་སོ་སོར10.6%དང10.8%འཕར་ཡོད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-17 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་སྤྱི་ཁྱབ་བརྟག་བཤེར་རུ་ཁག་གི་ཆེས་གསར་བར་ཁྱབ་བསྒྲགས་བྱས་པའི་ཤང་གྲོང་གཅིག་གྱུར་ཅན་གྱི་ཁྱིམ་ཚང་གི་བརྟག་བཤེར་ལས་མངོན་པ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་རིང་། མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར10300.85ལ་སླེབས་ཡོད་པ་དང་དུས་མཉམ་ལས10.6%འཕར་ཡོད། སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་སོང་སྒོར8818.22དང་དུས་མཉམ་ལས10.8%འཕར་ཡོད།

དུས་ཚིགས་སྔོན་མ་གསུམ་གྱི་རིང་། མཚོ་སྔོན་ཞིང་ཆེན་སྡོད་མངས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་སོང་རིགས་ཆེན་མོ་བརྒྱད་ཕྱོགས་ཡོངས་ནས་གོང་དུ་འཕར་ཡོད། དེའི་ནང་འགྲིམ་འགྲུལ་བརྡ་འཕྲིན30.7%འཕར་བ་དང་། གཞན་པའི་མཁོ་རྫས་ཞབས་ཞུ19.8%འཕར་ལ། སློབ་གསོ་རིག་གནས་རོལ་རྩེད16.3%འཕར་ཞིང་། ཟས་རིགས10.4%དང་འཚོ་བའི་མཁོ་རྫས་དང་ཞབས་ཞུ7.2%། གྱོན་ཆས5.0%། འཚོ་སྡོད2.6%། སྨན་བཅོས་བདེ་སྲུང1.8%བཅས་འཕར་ཡོད། གྲོང་རྡལ་དང་ཞིང་སྡེར་གཞིགས་ན། གྲོང་རྡལ་གྱི་རྒྱུན་སྡོད་སྡོད་དམངས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་སོང་རིགས་ཆེན་མོ་བརྒྱད་ལས“དྲུག་འཕར་གཉིས་ཆག”གི་རྣམ་པ་མངོན་ལ། ཞིང་སྡེའི་རྒྱུན་སྡོད་སྡོད་དམངས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་སོང་རིགས་ཆེན་མོ་བརྒྱད་ཕྱོགས་ཡོངས་ནས་གོང་དུ་འཕར་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག