མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ལམ་ལུགས་བཅོས་བསྒྱུར་གྱི་ལས་འགན90%ལེགས་འགྲུབ་བྱས་ཡོད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-18 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ལམ་ལུགས་བཅོས་བསྒྱུར་བྱ་བའི་ཆེད་དོན་ཚོགས་འདུ་དེ་ཞིང་ཆེན་གྲོས་ཚོགས་ལྟེ་གནས་སུ་བསྡུས། གསར་འགོད་པས་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། ལོ་འགོར་གཏན་འཁེལ་བྱས་པའི་སྨན་བཅོས་ལམ་ལུགས་བཅོས་བསྒྱུར་གཙོ་གནད་ལས་འགན་ལས་གཞི20ཡི90ལེགས་འགྲུབ་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། རྗེས་ཕྱོགས་སུ་མཚོ་སྔོན་གྱིས་ནན་ཏན་སྒོས་མུ་མཐུད་དུ་རིམ་པ་བགར་ནས་བརྟག་བཅོས་བྱེད་པའི་བྱ་བར་གཙིགས་འཛིན་བྱས་ཏེ། མུ་མཐུད་དུ་གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་བྱང་ཚད་ཇེ་མཐོར་གཏོང་བ་དང་འོས་འཚམ་གྱིས་སྨན་བཅོས་འགྲོ་གྲོན་ཚོད་འཛིན་བྱས་ནས། གཞི་རིམ་གཞི་རྩའི་སྨན་རྫས་དབོར་འདྲེན་བྱེད་ཚད་དངོས་གནས་ཇེ་མཐོར་བཏང་སྟེ། ཤུགས་ཆེན་པོས་གཞི་རིམ་སྨན་བཅོས་ལས་བྱེད་མི་སྣར་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྨན་བཅོས་ཆ་འཕྲིན་ཅན་འཛུགས་སྐྲུན་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། སྨན་པའི་ཀུན་སྤྱོད་འཛུགས་སྐྲུན་དམ་འཛིན་བྱས་ནས་སྨན་པ་དང་ནད་པའི་འབྲེལ་བ་ལེགས་བཅོས་བྱེད་རྒྱུ་རེད།

ཚོགས་འདུས་ནན་གྱིས་བསྟན་དོན། བཅོས་བསྒྱུར་དང་ལས་དོན། འཕེལ་རྒྱས་བཅས་ལ་མཐའ་མེད་པས། ངེས་པར་དུ་གོ་སྐབས་དམ་འཛིན་བྱས་ཏེ་དུས་སྐབས་དང་བསྟུན་ནས་མུ་མཐུད་དུ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། མུ་མཐུད་དུ་སྲིད་ཇུས་འཐུས་ཚང་དང་ལེགས་བཅོས་བྱེད་པ་དང་མུ་མཐུད་དུ་སྲིད་ཇུས་དེ་ལག་ལེན་ཁྲོད་ཉམས་ལེན་བྱས་ཏེ་བརྟན་བརླིང་དང་མཐོར་འདེགས་སུ་གཏོང་དགོས་ལ། ཧུར་བརྩོན་གྱིས་མཚོ་སྔོན་གྱི་སྨན་བཅོས་བཅོས་བསྒྱུར་བྱ་བ་དེ་མིང་དོན་གཉིས་ལྡན་དུ་གཏོང་བར་སྐུལ་འདེད་དང་། དམངས་ལ་ཡིད་ཆེས་དང་བདེ་སྐྱིད་བསྐྲུན་དགོས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག