མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བསམ་བློ་གསར་བའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་བསྡུས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-19 10:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བསམ་བློ་གསར་བའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་དེ་ཟི་ལིང་གྲོང་ཁྱེར་ནས་བསྡུས། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ30ལྷག་བགྲོ་གླེང་ཚོགས་འདུར་ཞུགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་བསམ་བློ་བརྗེ་རེས་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་བསམ་བློ་གསར་བ་བཏོན།

ཚོགས་འདུའི་སྟེང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིས་མེ་ཧྭ་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་པུའུ་ཀྲང་ཡུས་ཉིན་ཆིན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིས་ཡུང་ཉིན། མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐང་ཧུང་ཝེ་བཅས་ཀྱིས་ཆེད་དོན་གཏམ་བཤད་གནང་། དེའི་རྗེས་སུ་ཆེད་མཁས་པ་དག་གིས་ཆེད་དོན་གཏམ་བཤད་ལ་དམིགས་ཏེ་གཏམ་བཤད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནད་དོན་ཐད་ནས་རང་རང་གི་བསམ་ཚུལ་བརྗེ་རེས་བྱས།

བགྲོ་གླེང་ཚོགས་འདུའི་སྟེང་། ཆེད་མཁས་པས་ལྟ་ཚུལ་དང་འདོད་ཚུལ་གསར་བས་བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱས་ཏེ་ཕྱོགས་མང་པོའི་ཐད་ལ་གྲོས་མཐུན་བྱུང་བ་དང་ཐོག་མའི་དམིགས་འབེན་མངོན་འགྱུར་བྱུང་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་གྲུབ་འབྲས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་པར་ཕན་ནུས་ཐོན་ཐུབ་ལ། ཤུགས་ཆེན་པོས་ས་ཁུལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་འགལ་ཟླ་དང་རྩ་གནད་ཐག་གཅོད་བྱས་ཏེ། ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་མཐོར་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པར་འདོད་ཡོད།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་རོགས་སྐྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་ཟི་ལིང་གྲོང་ཁྱེར་ཚན་རྩལ་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་འགན་སྒྲུབ་བྱས་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག